[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • སྦྲུམ་མས་འཛེམ་དགོས་པའི་གནད་དོན་གསུམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-13

    ཐ་མག་གིས་ཕྲུ་གུར་གནོད་འཚེ་ཆེན་པོ་བཟོ་ཞིང་། ཐ་མག་གི་དབྱང་གཅིག་ཐཱན་འགྱུར་དང་ཉིི་གུ་ཏིང་མངལ་བརྒྱུད་དེ་ཕྲུ་གུར་དབྱང་རླུང་མི་འདང་བ་དང་སྙིང་གཡུག་ཤུགས་མགྱོགས་སུ་འགྲོ་བའི་ཤུགས་རྐྱེན་ཐེབས་ཏེ་ཕྲུ་གུ་ཤི་རྐྱེན་དང་ཕྲུ་གུ་ཡ་མ་གཟུགས་ཆགས་ཚད་མཐོ་རུ་འགྲོ་གི་ཡོད།  


    ལྕགས་ཀྲིན་གྱི་ཟས་རིགས་ལ་རྫས་འགྱུར་སྦྱོར་རྟ(དཔེར་ན་ཡཱ་ཤའོ་སྐྱུར་ནཱ)འདུས་ཡོད་པས་ནར་སོན་པའི་མི་ལ་ཤུགས་རྐྱེན་ཆེན་པོ་དེ་ཙམ་མེད་མོད། འོན་ཀྱང་ཕྲུ་གུའི་སྐྱེ་འཚར་ལ་འགོག་རྐྱེན་ཕོག་ནས་ཕྲུ་གུ་སྐྱེ་ཤོར་ཐེབས་ཀྱི་ཡོད།


    རྫས་རྒྱུ་མང་པོ་འདྲེས་པའི་ཟས་རིགས། ཟས་རིགས་དེ་ཚོར་མི་བཟོས་མཉམ་བསྲེས་ཚོས་རྒྱུ་དང་དྲི་ཞིམ་བཅུད་རྫས།  མངར་ཆ་དང་དེ་མིན་རུལ་འགོག་སྨན་རྫས་སོགས་འདུས་ཡོད་པས་ཕྲུ་གུའི་སྐྱེ་འཚར་ལ་གནོད་པ་ཡོད། 


    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།