[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • སྟོན་དགུན་གཉིས་སུ་མཆུ་ཏོ་མི་གས་པའི་ཐབས་ཤེས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-08

    སྟོན་དགུན་གྱི་དུས་སུ་མཆུ་ཏོ་གས་སླ་བའི་རྒྱུ་རྐྱེན་ནི་གནམ་གཤིས་གྲང་དུ་དང་སྐམ་ཤས་ཆེ་རུ་ཕྱིན་པས་ཡིན། དེའི་དུས་སུ་མཆུ་ཏོ་དང་ཁའི་ཟུར་གྱི་པགས་པའི་སྐྱི་མོ་བུད་པ་དང་ཁྲག་དོན་ནས་འབུ་ཕྲ་སྐྱེ་འཕེལ་བྱེད་སླ་པོ་ཡོད་པས། རྨ་ཁ་སྡུག་ཏུ་སོང་བ་དང་གཉན་ཁ་ཆེ་རུ་འགྲོ་ལ། ཚབས་ཆེ་བར་སྐྲངས་པ་དང་རྣག་ཀྱང་རྒྱག་སྲིད།

    དེས་ན་མཆུ་ཏོ་མི་གས་པ་བྱེད་དགོས་ན། གདོང་བཀྲུས་རྗེས་མཆུ་ཏོའི་ཐོག་ཞག་ཚིལ་བྱུག་དགོས། ཐལ་རླུང་རྒྱག་སྐབས་ཁ་རས་དཀྲིས་ནས་མཆུ་ཏོ་མི་སྐམ་པ་བྱེད་པ་དང་རྒྱུན་དུ་ཆུ་མང་ཙམ་འཐུང་བ་དང་སྔོ་ཚལ་དང་ཤིང་ཏོག་རིགས་མང་ཙམ་བཟས་ནས་ལུས་པོར་མཁོ་བའི་ཆུ་དང་འཚོ་བཅུད་གསབ་ཐབས་བྱེད་དགོས།

    མཆུ་ཏོ་གས་སྐབས་མཆུ་ཏོ་གཙང་མར་བཀྲུས་པ་དང་གཉན་སྨན་ནམ་ཡང་ན་སྣུམ་རིགས་གཞན་དག་མཆུ་ཏོ་གས་སར་ཉིན་གཅིག་ལ་ཐེངས་གཉིས་གསུམ་ཙམ་བྱུག་ན་འགྲིག ཡིན་ནའང་མཆུ་ཏོ་གས་སར་ལྕེ་ཡིས་རློན་པ་བཟོ་མི་རུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།