[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཁྲོམ་གཞུང་གི་ལྟོ་ཆས་ནང་བཙོག་སྙིགས་ཐོན་ན་ཇི་ལྟར་བྱ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-12

    640.webp.jpg

    འཛད་སྤྱོད་པས་སྤྱི་ཚོགས་ཁྲོམ་རའི་ཟ་ཁང་ནང་འཛུལ་ཏེ་བཟའ་འཐུང་བྱེད་པར་བསྐྱོད་ན་ཟ་ཁང་དེ་དང་ཞབས་ཞུའི་གན་རྒྱ་གྲུབ་ཡོད་པ་རེད། གན་རྒྱ་དེར་གཞིགས་ན་ཟ་ཁང་གང་དེས་འཛད་སྤྱོད་པར་སྤུས་ཚད་ལོན་པའི་ཟས་རིགས་མཁོ་སྤྲོད་བྱེད་དགོས་པའི་འོས་འགན་ཡོད་ལ། ལུགས་མཐུན་དོ་སྣང་གི་ཁྱབ་ཁོངས་ནང་འཛད་སྤྱོད་པའི་བདེ་འཇགས་ལ་འགན་སྲུང་བྱ་དགོས་པ་ཡིན། ཟ་ཁང་གིས་མཁོ་སྤྲོད་བྱས་པའི་ཟས་རིགས་ནང་ནས་བཙོག་སྙིགས་དངོས་པོ་ཐོན་པ་ནི་ཟས་རིགས་སྤུས་ཚད་མ་ལོན་པ་ཡིན་པས་ཟ་ཁང་དེས་ཁ་ཆད་ལས་འགལ་བ་ཡིན། དེས་ན་ཁ་ཆད་ལས་འགལ་བའི་འགན་འཁུར་དགོས། གལ་ཏེ་ཟས་རིགས་ནང་ནས་དངོས་པོ་གཞན་ཐོན་ཏེ་འཛད་སྤྱོད་པའི་ལུས་ཁམས་བདེ་ཐང་ལ་གནོད་སྐྱོན་བཏང་ན་ཁ་ཆད་ལས་འགལ་བ་དང་ཁེ་དབང་ལ་གནོད་འཚེ་བཟོས་པ་རེད། འཛད་སྤྱོད་པས་དེ་གཉིས་ལས་རིགས་གཅིག་གདམ་ཏེ་འགན་འཁྲི་རྩད་གཅོད་བྱེད་དགོས།  《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》དོན་ཚན་ཞེ་གཅིག་ལས་གཏན་འབེབས་བྱས་པར་གཞིགས་ན། ཟ་ཁང་གི་ཟས་རིགས་སྤུས་ཚད་མ་ལོན་པའི་རྐྱེན་གྱིས་འཛད་སྤྱོད་པའི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་ཕོག་ཡོད་ཚེ། འཛད་སྤྱོད་པས་སྨན་ཡོན་དང་།  སྨན་བཅོས་བྱེད་རིང་ནད་གཡོག་གི་གླ་དངུལ། ལས་ཐེབས་ཆག་སྟེ་ཡོང་འབབ་ཉུང་དུ་སོང་བ་བཅས་ཀྱི་གྲོན་དངུལ་འཇལ་དགོས་པའི་རེ་བ་བཏོན་ཆོག  དམིགས་སུ་དྲན་སྐུལ་ཞུ་རྒྱུར། འཛད་སྤྱོད་པར་གོང་གསལ་ཟས་རིགས་ནང་གི་བཙོག་སྙིགས་དངོས་པོ་ཐོན་པའི་གནས་ཚུལ་འཕྲད་ཚེ་ཡུལ་དངོས་ཀྱི་དཔང་རྟགས་དངོས་པོའམ་དེའི་པར་རིས་སོགས་ཉར་ཚགས་དང་སྲུང་སྐྱོབ་གང་ལེགས་བྱས་ཏེ་བདེན་དཔང་བསྲུང་རྒྱུ་གལ་ཆེན་པོ་ཡིན་ནོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།