[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཕོ་བ་ན་མཁན་གྱིས་བཟའ་འཐུང་ཐད་ཡིད་གཟབ་ཇི་ལྟར་བྱེད་དགོས་ཚུལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-12

    དོས་དྲག་གི་ཕོ་བའི་ནད་གཞི་ཕོག་མྱུར་བ་དང་ནད་རྟགས་ལྕི་བས་བཟའ་འཐུང་དེ་འབྲས་ཁུ་དང་ཐུག་པས་གཙོ་བོ་བྱེད་པ་དང་།  ནད་གཞི་དྲག་སྐྱེས་སོང་མཚམས་སུ་རྒྱ་ཐུག་དང་བཟའ་བཅའ་མཉེན་མོ་བཟས་ན་འགྲིག

    ཕོ་བའི་གཅོང་ནད་ན་ཡུན་རིང་བས་འཚོ་བཅུད་ཀྱིས་སྨན་བཅོས་བྱེད་གལ་ཤིན་ཏུ་ཆེ།  ནད་པའི་བཟའ་འཐུང་ཡང་སྣ་མང་ཅན་ཡིན་དགོས། བཟའ་བཅའ་ཞིབ་མོ་དང་མཉེན་མོ་ཡིན་དགོས་པ་ལས་རྗེན་པ་དང་།  གྲང་མོ། སྣུམ་བཀྲག  སྐྱུར་མོ་དང་ཁ་ཚ།  མཁྲེགས་པོ་སོགས་ཕོག་ཐུག་རང་བཞིན་གྱི་བཟའ་བཅའ་བཟའ་རྒྱུ་མེད།  

    ཕོ་ཁུམས་གཉན་ཚད་ཀྱི་གཅོང་ནད་ཕོག་པའི་ནད་པས་ངེས་པར་དུ་ཁྲག་གསབ་བཟའ་བཅའ་ཁ་སྣོན་བྱེད་དགོས་པ་དཔེར་ན། ཕག་པའི་མཆིན་པ་དང་།  ཁྲག  ཚལ་རིགས་བཅས་ཡིན།

    ཕོ་བར་རྨ་བཟོས་པའི་ནད་པས་དུས་ཚོད་དང་ཚད་གཞི་གཏན་འཁེལ་བཟོས་ཏེ་ལྟོ་ཆས་ཚད་ཉུང་ཐེངས་མང་ཟ་དགོས་ཤིང་།  ནད་གཞིའི་གནས་ཚུལ་ལ་གཞིགས་ནས་ཉིན་རེར་བཟའ་ཐེངས་མང་ཙམ་དང་བཟའ་ཚད་ཉུང་ཙམ་ཟ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།