[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-10

    རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་དྲོད་ཚད་མཐོ་ཙམ་ཡོད་པ་དང་ཆར་པ་ཉུང་དུ་འགྲོ་རྒྱུ།

    ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་10ཚེས་9ནས་15ཉིན་བར)

    གཟའ་ཟླ་བ་ནས་ལྷག་པའི་བར་ནག་ཆུ་དང་། ཆབ་མདོ། ཉིང་ཁྲི། གཞིས་རྩེ། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་དེའི་ཁྲོད་དབུས་ལྷོ་རྒྱུད་ཀྱི་ས་བབ་དམའ་བའི་ས་ཆར་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་བ། གཟའ་ཕུར་བུ་དང་པ་སངས་ལ་ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་སྤྲིན་ཆར(གངས)འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་བ། གཟའ་སྤེན་པ་དང་ཉི་མར་མངའ་རིས་དང་། ནག་ཆུའི་ནུབ་རྒྱུད། གཞིས་རྩེ་བཅས་སུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་སྤྲིན་ཆར(གངས)འབབ་རྒྱུ་དང་ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་བ། གཟའ་འཁོར་འདིའི་ནང་བོད་བྱང་ཐང་རྒྱུད་དུ་ལྷགས་པ་ཆེན་པོ་རིམ་པ་7ཙམ་རྒྱག་རྒྱུ།

    གཉིས། གྲོས་འགོ

    1.ཉེ་དུས་རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་དྲོད་ཚད་མཐོ་ཙམ་ཡོད་པ་དང་ལྷགས་པ་ཆེན་པོ་རིམ་བཞིན་མང་དུ་འགྲོ་བས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

    2.ས་བབ་མཐོ་བའི་ལམ་དུམ་བུར་གངས་གསོག་ཐེབས་སླ་བས། རླངས་འཁོར་གཏོང་སྐབས་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།