[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཟུངས་ཁྲག་ཕུལ་རྗེས་ཟས་བཅུད་ཁ་སྣོན་བྱེད་ཐབས།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-13

    ཟུངས་ཁྲག་ཕུལ་རྗེས་བཟའ་བཏུང་ཐད་ལེགས་སྒྲིག་འོས་འཚམ་བྱས་ནས་ཁྲག་སླར་སྐྱེས་ཐུབ་པའི་འཚོ་བཅུད་དངོས་རྒྱུ་ཁ་གསབ་བྱེད་དགོས།  ཟུངས་ཁྲག་ལེགས་སྐྱེས་སུ་ཕུལ་རྗེས་ཚིལ་མེད་ཕག་ཤ་དང་།  ཚགས་ཤ   སྒོ་ང་།  འོ་མ།  ཕག་པའི་མཆིན་པ།  སྲན་བཟོས་ཟས་རིགས་སོགས་སྤྲི་དཀར་འདུས་ཆེ་བའི་ཟས་རིགས་དང་།  ཤིང་འབྲས་དང་སྔོ་ཚལ་སོས་པའི་རིགས།  ལྕགས་རྒྱུ་འདུས་ཆེ་བའི་ཟས་རིགས།  ཏིལ་སྣུམ།  མོག་རོ་ནག་པོ།  དྲི་ཞིམ་ཤ་མོ། ཁ་སུར་ཆེ་བ། ཤིང་འབྲས་འབྲུག་མིག་སོགས་ཁ་གསབ་བྱེད་དགོས།  དེ་ལྟར་བྱས་ན་ཟུངས་ཁྲག་ཕྲ་ཕུང་སླར་སྐྱེས་མགྱོགས་པོ་བྱེད་ཐུབ།  ལྷག་པར་དུ་ཟུངས་ཁྲག་ལེགས་སྐྱེས་སུ་ཕུལ་རྗེས་ཆུ་མང་ཙམ་འཐུང་དགོས་པ་ལས་རྒྱགས་བཟའ་རྒྱགས་འཐུང་བྱ་རྒྱུ་མེད།

    མདོར་ན། ཟུངས་ཁྲག་ལེགས་སྐྱེས་སུ་ཕུལ་ན་ཉིན་བཅུའི་གཡས་གཡོན་དུ་ཟུངས་ཁྲག་སླར་སྐྱེས་ཐུབ་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།