[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ལྷན་སྐྱེས་སྙིང་ནད་རྒྱུད་ཁྲིད་ཀྱི་ཡོད་དམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-11

    ལྷན་སྐྱེས་སྙིང་ནད་ནི་རྒྱུན་དུ་མཐོང་མང་བའི་ལྷན་སྐྱེས་ནད་གཞིའི་གྲས་ཤིག་ཡིན་ཞིང་། མིག་སྔར་དེ་ནི་གཞི་རྒྱུ་མང་བའི་རྒྱུད་ཁྲིད་ནད་ཅིག་ཡིན་པ་དང་ཁོར་ཡུག་གི་རྒྱུ་རྐྱེན་དང་རྒྱུད་ཁྲིད་ཀྱི་རྒྱུ་རྐྱེན་ནམ་ཡང་ན་གཉིས་ཀའི་ནུས་པ་ཐོན་པ་ལས་ཕོག་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ལྷན་སྐྱེས་སྙིང་ནད་90%ཚང་མ་རྒྱུད་ཁྲིད་རྒྱུ་རྐྱེན་དང་ཁོར་ཡུག་གི་རྒྱུ་རྐྱེན་ཕན་ཚུན་བསྡེབས་ནས་བྱུང་བ་ཞིག་ཡིན་པ་ལས། རྒྱུད་ཁྲིད་རྒྱུ་རྐྱེན་ཁོ་ན་ལས་ཕོག་པ་ཞིག་མིན། དེས་ན་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པའི་རྗེས་རབས་པར་ལྷན་སྐྱེས་སྙིང་ནད་ཕོག་པའི་ངེས་པ་མེད། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པའི་ཕ་མས་ཕྲུ་གུ་སྔ་ཙམ་སྨན་ཁང་དུ་འཁྲིད་ནས་བརྟག་དཔྱད་བྱས་ཏེ་སྙིང་ནད་ཕོག་པའི་ངོ་བོ་དང་ཚད་གཞི་རྒྱུས་ལོན་བྱས་ནས་བྱིས་པར་ནམ་ཞིག་གཤག་བཅོས་བྱས་ན་འཚམ་པོ་ཡོད་མེད་གཏན་འཁེལ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།