[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • མཁའ་རླུང་སྦགས་བཙོག་ནང་དུ་བཞག་ནས་ཕྱི་རུ་སྒོ་ལྕགས་བརྒྱབ་མི་ཉན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-11

    ཞིབ་འཇུག་གི་རྣམ་གྲངས་གསར་པ་ཞིག་ནང་ཁྱིམ་ལ་རྟག་ཏུ་འཛུལ་ནས་བསྡད་ན་སྦགས་བཙོག་གི་གནོད་པ་ཕོག་པ་ལས་གཡོལ་མི་ཐུབ། དེའི་རྒྱུ་མཚན་ནི། ཁང་པའི་ནང་སྦགས་བཙོག་ཤོར་ཚད་ཁང་པའི་ཕྱི་རོལ་ལས་ལྡབ་ཁ་ཤས་ཀྱིས་ཚབས་ཆེ་བ་ཡོད་པ་དང་། ཁང་པའི་ནང་གི་མཁའ་རླུང་སྦགས་བཙོག་གིས་མིའི་བདེ་ཐང་ལ་ཡུན་རིང་ཤུགས་རྐྱེན་ཐེབས་ཚད་གྲོང་ཁྱེར་གྱི་དུ་ཞག་ལས་ཆེ་བ་ཡོད་པ་རེད།

    ཚན་རིག་མཁས་ཅན་གྱིས་དེང་རབས་ཁྱིམ་ཚང་གི་བཟོ་སྐྲུན་གྱི་རྒྱུ་ཆ་དང་རླུང་འགྲོའི་སྒྲིག་ཆས་ལ་འགྱུར་ལྡོག་བྱུང་བ་དང་དེ་བཞིན་རྒྱུན་གཏན་ཁང་པའི་ནང་ཐབ་ལས་ཀྱི་དུ་བ་དང་། གསང་སྤྱོད། ཁྱིམ་ནང་གི་གློག་གི་སྒྲིག་ཆས་སོགས་ལས་བཤེར་གཟུགས་གནོད་ཅན་མང་པོ་ཞིག་ཐོན་གྱི་ཡོད་པ་དེ་དག་མིས་བརྔུབས་རྗེས་ལུས་པོའི་བདེ་ཐང་ལ་གནོད་ཀྱི་ཡོད། བརྟག་དཔྱད་བྱས་པར་གཞིགས་ན། ཁྱིམ་ཚང་ལ་ལའི་ཁང་པའི་ནང་གི་སྦགས་བཙོག་གི་ཚད་གཞི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཏན་ལ་ཕབ་པའི་ཚད་གཞི་ལས་མཐོ་བ་ཡོད་པ་དང་ལ་ལ་ཐ་ན་ཁང་པའི་ཕྱི་རོལ་གྱི་སྦགས་བཙོག་གི་ཚད་གཞི་ལས་མཐོ་བ་ཡོད་པའི་ར་སྤྲོད་བྱུང་ཡོད། ཁང་པའི་ནང་གི་སྦགས་བཙོག་གནད་དོན་གྱི་རིགས་གཅིག་མཁས་པས་མི་རྣམས་ཀྱིས་ཁང་པའི་ནང་གི་མཁའ་རླུང་གི་སྦགས་བཙོག་ལ་དེ་བས་དོ་སྣང་བྱས་ནས་རྟག་ཏུ་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡག་པོ་ཡོང་བ་བྱེད་དགོས་པ་དང་། ཕྱི་ལ་མང་ཙམ་དོན་ནས་ཁ་རླུང་འབྱིན་རྔུབ་བྱེད་དགོས་པའི་དྲན་སྐུལ་བྱས་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།