[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།
  • རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་བསམ་པའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་དགོས།

    —— ཚད་གཞི་དང་ཡང་ཡང་བསྡུར་ནས་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱས་ཏེ་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱ་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-09

    ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ངེས་པར་དུ་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱས་ཏེ་མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ཐོག་ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་དེ་བས་ལེགས་པའི་སྒོ་ནས་གཏོད་དགོས་ཞེས་གསལ་པོ་བཏོན་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རིག་གནས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་རང་རྟོགས་སྔར་བས་བརྟན་དུ་དང་ཆེ་རུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། བསམ་པའི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་རྒྱུན་སྲིང་ལྷོད་མེད་ངང་སྐྲུན་པ་བཅས་བྱ་རྒྱུ་ནི་རང་ལྗོངས་ཀྱི་ལོ་འཁོར་མོའི་གཙོ་གནད་ལས་འགན་གལ་ཆེན་གྱི་གྲས་ཤིག་རེད་ལ་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ་དང་རིག་གནས་སྟོབས་ཆེའི་ལྗོངས་མངོན་འགྱུར་བྱེད་པའི་འཐབ་ཇུས་དམིགས་ཚད་ཀྱི་ལྡོག་མེད་བླང་བྱའང་རེད། 

    འདི་ལོ་ཚུན། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་འཐབ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་རྒྱུན་སྲིང་ངང་དམིགས་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་ཁོང་དུ་ཆུད་པ་དང་བརྟན་དུ་གཏོང་བ་དང་ ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་ཡིན་པའི་རྩ་བའི་ལས་འགན་སྲ་བརྟན་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཁྲིད་སྟོན་ནུས་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཤུགས་རྐྱེན་ཐེབས་ཤུགས། གཙོ་རྒྱུན་གླེང་ཕྱོགས་སྨྱན་སྦྱོར་གྱི་ཁྱབ་སྤེལ་ནུས་པ། སྤྱི་པའི་རིག་གནས་ཞབས་ཞུའི་ཁྱབ་འགྱེད་ནུས་པ། ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་འགྲན་རྩོད་ནུས་པ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་རིག་གནས་ཐོན་རྫས་ཀྱི་མཁོ་སྤྲོད་ནུས་པ་བཅས་ཆེ་རུ་ཧུར་ཐག་བཏང་ཐོག བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་བསམ་བློའི་འགན་ལེན་དང་། བསམ་པའི་སྟོབས་ཤུགས། ཀུན་སྤྱོད་ཀྱི་འཚོ་བཅུད། རིག་གནས་ཀྱི་ཆ་རྐྱེན་བཅས་སྟོབས་ཆེན་ཞིག་མཁོ་འདོན་བྱས་ཡོད། 

    ལོ་མཇུག་བར་ཟླ་གཉིས་ཙམ་ལས་མེད་པས། ལོ་འཁོར་མོའི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་པར། ང་ཚོས་ངེས་པར་དུ་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་བཏང་སྟེ་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་། དྲང་ནུས་དར་སྤེལ་བཏང་ནས་ཡིད་ཆེས་ཆེར་གཏོང་དང་། དམངས་སེམས་སྒྲིལ་བ། མི་སེམས་དྲོ་བ། སེམས་མཐུན་གཏོད་པ་བཅས་དེ་བས་ལེགས་པ་བྱེད་དགོས་པ་དང་། ངེས་པར་དུ་མི་རིགས་ཁག་ལ་ཐུན་མོང་ཐོག་དབང་བའི་བསམ་པའི་ཁྱིམ་གཞིས་སྔར་བས་བསྐྲུན་ནས། སྤྱི་ཚོགས་ཡོངས་མཐུན་སྒྲིལ་འབད་འབུངས་ཀྱི་སྟོབས་ཤུགས་ཆེན་པོ་འཕེལ་བར་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དང་། ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། 

    ང་ཚོས་སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ཏེ་རང་རྟོགས་ངང་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ཁུར་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཕུགས་བསམ་དང་དད་སེམས་དང་། རིན་ཐང་གི་འདུ་ཤེས། ཀུན་སྤྱོད་ཀྱི་འདུ་ཤེས་བཅས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཐོག དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་མི་ཐོན་པ་བྱེད་པ་དང་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།