[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།
  • ཝང་ཝུའེ་ཏུང་གིས་མངའ་རིས་སུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།

    བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་གཏིང་ཟབ་སྤེལ་ཏེ་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    ཟླ་10ཚེས་28ཉིན་ནས་30ཉིན་བར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཝུའེ་ཏུང་མངའ་རིས་ས་ཁུལ་དང་། རྩྭ་མདའ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན། སྐོར་ཞིབ་གཞུང་དོན་ཁང་བཅས་སུ་ཕེབས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་མཛུབ་ཁྲིད་གནང་བ་དང་། གཞི་རིམ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ། སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    ཝང་ཝུའེ་ཏུང་གིས་ནན་བཤད་གནང་དོན། གཞི་རིམ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྒུལ་ཤུགས་སུ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་མུ་མཐུད་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ནས་ཏང་གི་གསར་དུ་གཏོད་པའི་རིགས་པའི་གཞུང་ལུགས་སྤྱད་དེ་ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་རང་རྟོགས་ངང་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་དམིགས་བསལ་རྩ་བ་ནས་མེད་པའི་བསམ་བློ་བཅངས་ནས་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པ། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་ལམ་ལུགས་ཀྱི་ལེགས་ཆ་བཅོས་སྐྱོང་གི་འཇོན་ཐང་ལ་གྱུར་བ་བྱས་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་འཇོན་ཐང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། གཞི་རིམ་གྱི་དབང་ཆ་འཁོར་སྐྱོད་ཀྱི་ལྟ་སྐུལ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་དབུལ་སྐྱོར་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་རུལ་སུངས་དང་། ནག་གཤེད་དང་འབྲེལ་བའི་རུལ་སུངས། དེ་བཞིན“རྒྱབ་རྩ”བཅས་ལ་ཆད་པ་ནན་པོ་བཅད་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།