[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།
  • རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་སྲུང་སྐྱོབ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་པ།

    བོད་ལྗོངས་ཀྱི་སྔོན་ཐོན་མཉམ་སྡེབ་5དང་སྔོན་ཐོན་མི་སྒེར་7ལ་གཟེངས་བསྟོད་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    ཉིན་ཤས་གོང་། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་སྲུང་སྐྱོབ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཐང་ཆེན་མངགས་གཏོང་ཁང་ལ་སྤྱི་བདེ་པུས་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་དང་པོ་སྤྲད་པ་རེད། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་རྒྱལ་སྟོན་གྱི་ལོ་ངོ་70འཁོར་བའི་མང་ཚོགས་ཀྱི་ཁྲོམ་སྐོར་གཟབ་ཊོའི་བདེ་འཇགས་སྲུང་སྐྱོབ་ཚོགས་ཆུང་དང་། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་སྤྱི་བདེ་ཅུས་རྒྱལ་ཁབ་སྲུང་སྐྱོང་རུ་ཆེན། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྤྱི་བདེ་ཅུས་གྲོང་ལྷོའི་ཞིབ་བཤེར་ས་ཚིགས་བཅས་ལ་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་སྲུང་སྐྱོབ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གྲུབ་འབྲས་མངོན་གསལ་དོད་པའི་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། ཅང་པོ་དང་སྤེན་པ་སྒྲོལ་མ་སོགས་མི་དམངས་ཉེན་རྟོག་པ་7ལ་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་སྲུང་སྐྱོབ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གྲུབ་འབྲས་མངོན་གསལ་དོད་པའི་མི་སྒེར་གྱི་མཚན་སྙན་ཐོབ་པ་རེད།

    འདི་ལོ་ཚུན་དུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་སྤྱི་བདེ་པུའུ་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྟེན་འབྲེལ་ཆེ་མོའི་བདེ་འཇགས་སྲུང་སྐྱོབ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། “ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་ནན་པོ”བཅས་ཀྱི་སྤྱིའི་བླང་བྱར་གཞིགས་པ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང“འགན་འཁྲི་གསར་པ་ལག་ལེན་བསྟར་ནས་ལྷག་བསམ་རྣམ་དག་ངང་རྟེན་འབྲེལ་ཆེ་མོར་སྲུང་སྐྱོང་བྱེད་པའི”ལག་ལེན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བ། མི་དམངས་ཉེན་རྟོག་པ་ཡོངས་ཀྱི་བློ་རིག་གཅིག་སྡུད་དང་སྟོབས་ཤུགས་ལ་བརྟེན་པ་བཅས་བྱས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་འཇགས་སྲུང་སྐྱོབ་ཀྱི་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་བླངས་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལེགས་སྒྲུབ་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།