[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།
  • སྤེན་པ་བཀྲ་ཤིས་ཀྱིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྐབས།

    གཞི་རྩའི་ལས་འགན་ལ་དམིགས་ནས་འགན་འཁྲི་དོན་འཁྱོལ་ཞིབ་ཚགས་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    ཚེས་30ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་ཁག་གཉིས་པའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་བརྒྱད་པའི་ཙུའུ་ཀྲང་སྤེན་པ་བཀྲ་ཤིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་ཕེབས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་རེད།

    སྤེན་པ་བཀྲ་ཤིས་བོད་ལུགས་གསོ་རིག་ཚན་ཁག་དང་། དཔེ་དེབ་དང་ཆ་འཕྲིན་དྲ་རྒྱའི་ལྟེ་གནས། ཚོད་ལྟའི་སློབ་ཁྲིད་ལྟེ་གནས། བོད་ལུགས་སྨན་རྫས་ཚན་ཁག་བཅས་སུ་སྔ་རྗེས་སུ་ཕེབས་ནས་སློབ་གྲྭའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་ལས་དོན་སྤེལ་ཚུལ་ནན་ཏན་གསན་པ་དང་ཆབས་ཅིག སློབ་གྲྭའི་སློབ་ཁྲིད་ཚན་ཞིབ་གནས་ཚུལ་མཁྱེན་རྟོགས་གནང་བ་དང་སློབ་གྲྭའི་བརྗོད་དོན་གཙོ་བོའི་སློབ་གསོར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་དང་གཞི་རྟེན་གསར་གཏོད་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པ་དང་རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་སློབ་གྲྭའི་བསམ་བློ་ཆབ་སྲིད་ལས་དོན་ཐད་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་མང་པོ་བཏོད་ཡོད་ཅེས་གསུངས་པ་རེད།

    སྤེན་པ་བཀྲ་ཤིས་ཀྱིས་ནན་བཤད་གནང་དོན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆབ་སྲིད་ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན། རིག་གཞུང་ཚན་ཁག་དང་འབྲེལ་བ་ཡོད་པའི་རྣམ་བཤད་གལ་ཆེན་བཅས་སློབ་སྦྱོང་ནན་ཏན་བྱས་ཏེ་དངོས་འབྲེལ་སྦྱོང་བ་དང་། དངོས་འབྲེལ་རྟོགས་པ། དངོས་འབྲེལ་ཡིད་ཆེས་པ། དངོས་འབྲེལ་སྤྱོད་པ་བཅས་ཏན་ཏིག་བྱས་ཁར་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱིས་ཏང་ཡོན་ལ་དྲག་ཆས་སྤྲོས་པ་དང་སློབ་མར་སློབ་གསོ་གཏོང་དགོས་པ། བརྗོད་དོན་གཙོ་བོའི་སློབ་གསོས་སློབ་གསོའི་ལས་དོན་གྱི་གཞི་རྩའི་ལས་འགན་ལ་དམ་པོར་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། གནད་དོན་ཞིབ་ལྟ་གཏིང་ཟབ། དག་ཐེར་དོན་འཁྱོལ་དམ་འཛིན་ནན་པོ། ཟུར་ཁྲིད་པ་དང་། བསམ་བློ་ཆབ་སྲིད་ཀྱི་དགེ་རྒན། འཛིན་གྲྭའི་ཀྲུའུ་རེན་བཅས་སློབ་གྲྭའི་བསམ་བློ་ཆབ་སྲིད་ལས་དོན་གྱི་ཐད་ཀའི་འགན་འཁྲི་དོན་འཁྱོལ་ཞིབ་ཚགས་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་བརྒྱུད་བློ་སྦྱོང་འདུ་འགོད་ཡིན་པའི་བསམ་བློ་ཆབ་སྲིད་སློབ་གསོ་དེ་ཉིན་རེའི་གྲོས་རིམ་དུ་འཇོག་པ་དང་དམ་འཛིན་ཏན་ཏིག་བྱས་ཏེ་ཕན་འབྲས་ཐོན་པ་བྱས་ནས་རང་ལྗོངས་ཀྱི་སློབ་གྲྭའི་བསམ་བློ་ཆབ་སྲིད་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།