[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།
  • “ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་དང་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན”གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

    ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། “ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་དང་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན”གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་བོད་ལྗོངས་ལྷ་སར་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ཚོགས་ར་གསུམ་ལ་དབྱེ་ཡོད། བོད་ལྗོངས་སློབ་ཆེན་སྲིད་ཁྲིམས་སློབ་གླིང་གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཁྲིམས་རིག་སློབ་ཚོགས་དང་དེ་བཞིན་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོ་ཞིབ་འཇུག་ལྟེ་གནས་ཀྱིས་གཉེར་རོགས་བྱས་པ་ཞིག་རེད། བོད་རང་སྐྱོང་ལྗོངས་ཁྲིམས་རིག་སློབ་ཚོགས་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པ་ཞིབ་འཇུག་སུའོ། ཡུན་ནན་སློབ་ཆེན་འཕེལ་རྒྱས་ཞིབ་འཇུག་ཁང་། ལྷོ་ནུབ་མི་རིགས་སློབ་ཆེན་ཁྲིམས་ལུགས་སློབ་གླིང་། ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་སོགས་ཚན་པ་བཅུ་ཡི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁན་ཅན་ཚོགས་འདུར་ཞུགས་པ་རེད།

    ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུས“ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རིག་པའི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་བོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཐབས་ལམ་གསར་པར་གྲོས་བསྡུར་བྱེད་པ”བརྗོད་དོན་གཙོ་བོར་བྱས་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་དང་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཐའ་སྐྱོང་བོད་བརྟན”གྱི་འཐབ་ཇུས་དགོངས་པ་གལ་ཆེན་དོན་འཁྱོལ་བྱེད་ཆེད་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ཡོད།

    “ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་གོ་སྐབས་སྤྱད་དེ་རིགས་གཅིག་མཁས་ཅན་ཚོས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས། བོད་ལྗོངས་སློབ་ཆེན་སྲིད་ཁྲིམས་སློབ་གླིང་གི་རིག་ཚན་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། རང་སྐྱོང་ལྗོངས་ཀྱི་ཁྲིམས་ལྟར་བོད་སྐྱོང་གི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་དངོས་ཀྱི་གནད་དོན། བོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དང་དངོས་ཡོད་གནད་དོན་ཐག་གཅོད་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་དངོས་མཐོང་བདེན་རྟོགས་ཀྱི་བསམ་འཆར་འདོན་བའི་རེ་བ་ཡོད”ཅེས་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཨུ་ཡོན་སྲིད་ཁྲིམས་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་ནོར་བུས་བཤད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་རང་སྐྱོང་ལྗོངས་ཁྲིམས་རིག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལི་ཡུས་ཆོན་གྱིས“རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་གནས་ཚུལ་ཞིབ་ཕྲར་དམིགས་ནས་རིག་གཞུང་གི་མཐའ་ཚད་ནན་པོ་བསྲུངས་ཏེ། ཆབ་སྲིད་ཀྱི་དམར་ཐིག་འགན་ལེན་བྱས་ནས། གནད་དོན་ཞིབ་ཕྲར་དབྱེ་ཞིབ་ཞིབ་ཕྲ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རིགས་པའི་གཞུང་ལུགས་བགྲོ་གླེང་བརྒྱུད། ཁྲིམས་ལྟར་བོད་སྐྱོང་གི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་དང་དེ་བཞིན་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་དངོས་ཀྱི་ཞིབ་འཇུག་སླར་ཡང་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བའི་རེ་བ་ཡོད”ཅེས་བཤད།

    ཚོགས་འདུའི་ཐོག་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་འབུམ་རམས་པ་སློབ་མའི་སློབ་དཔོན་ཝང་ཡུན་ཝུའུ་ཡིས“མི་རིགས་ཀྱི་ལས་དོན་ཁྲིམས་བཞིན་བཅོས་སྐྱོང་བྱེད་རིང་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང”ལ་དམིགས་ནས་གཏམ་བཤད་སྤེལ་བ་རེད། ཁོང་གིས་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོངལ་ཁྲིམས་ལྟར་ལས་དོན་སྤེལ་བ་དང་ས་གནས་འདི་གའི་དོན་དངོས་ནས་འགོ་འཛུགས་དགོས་པའི་ངོས་འཛིན་བྱེད།

    དགེ་རྒན་ཆེ་མོ་བ་ཝང་ཡུན་ཝུའུ་ཡིས“བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་པ་ནི་སྣ་མང་ཅན་དང་ཕྱོགས་བསྡུས་རང་བཞིན་གྱི་ཆ་ལག་ཚང་བའི་འདུ་འགོད་ཅིག་ཡིན་པས། ‘ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར་བ།སྤྱི་ཚོགས་དང་མཐུན་སྦྱོར། སྤྱི་དམངས་ཞུགས་པ། ཁྲིམས་སྐྱོང་འགན་ལེན’བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ”བཟོ་དགོས་པ་དང་། བོད་རིགས་ས་ཁུལ་གྱི་མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་གཏོད་དགོས”ཞེས་བཤད།

    ཡུན་ནན་སློབ་ཆེན་འཕེལ་རྒྱས་ཞིབ་འཇུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དབྱང་མིང་ཧུང་དང་། ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཝུའུ་ཤིས། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཁྲིམས་རིག་པ་དང་སྤྱི་ཚོགས་སློབ་གླིང་གི་མཚན་འཛིན་ཡོན་ཀྲང་དགེ་རྒན་ཆེ་མོ་བ་ཝང་ཙོ་ཆོན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཡུས་མིང་ཤའོ། ནུབ་བྱང་དགེ་འོས་སློབ་ཆེན་ཁྲིམས་རིག་པ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཉིའུ་ལུའེ་ཧྭ། ལེའོ་ཁྲེང་སློབ་ཆེན་ཁྲིམས་རིག་པ་སློབ་གླིང་གི་ཡོན་ཀྲང་གཞོན་པ་དགེ་རྒན་ཆེ་མོ་བ་ཝང་ཡང་ཝུན། བོད་ལྗོངས་མི་རིགས་སློབ་ཆེན་ཁྲིམས་རིག་པ་སློབ་གླིང་གི་ཡོན་ཀྲང་གཞོན་པ་དགེ་རྒན་ཆེ་མོ་བ་ཀྲང་ལིན་སོགས་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་རང་ཉིད་ཀྱི་ལྟ་ཚུལ་གཅིག་མཇུག་གཉིས་མཐུད་ངང་བརྗོད་པ་རེད།

    ཤེས་རྟོགས་བྱུར་བར། ད་ཐེངས་ཀྱི་ཚོགས་འདུར་ཐོབ་པའི་གྲུབ་འབྲས་དག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུས་ནས། རང་སྐྱོང་ལྗོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་དང་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་ལ་དཔྱད་གཞིར་འབུལ་རྒྱུ་ཡིན་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།