[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།
  • བོད་ཀྱི་ཞིང་ལས་གྲོང་གསེབ་ཁོངས་གཏོགས་ཀྱིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-10

     ཉེ་ཆར། ལྗོངས་ཡོངས་ཀྱི་ཞིང་ལས་གྲོང་གསེབ་ཁོངས་གཏོགས་ཀྱིས་ཇུས་གཞི་བཟོས་ཏེ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་བཀོད་སྒྲིག་དང་། སྤྱི་བདེ་དང་ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།

    ཐེངས་འདིའི་ཆེད་དོན་བཅོས་སྒྲིག་ནང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཁྱབ་ཁོངས་ཁྲོད་ལྷག་པའི་སྤུས་ཚད་ཀྱི་མངོན་མེད་རྐྱེན་ངན་ལ་གཙོ་གནད་ཐོག་དམིགས་པ་དང་། སྔོ་ཚལ་རིགས་དང་། ཞིང་སྨན་ལྷག་འཕྲོ། སྒོ་ང་དང་ཕྱུགས་སྨན་ལྷག་འཕྲོ། དེ་བཞིན་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་འདོམས་ལས་དོན་བཅོས་སྒྲིག་སོགས་ལ་དམིགས་ཏེ་ཆེད་དོན་བཅོས་སྒྲིག་བྱས་ཤིང་། ཟླ་11པའི་ཟླ་མཇུག་གོང་དུ་ཚད་དང་མི་མཐུན་པའི་ཞིང་ལས་ཐོན་རྫས་ཁག་གཅིག་མེད་པ་བཟོ་བ་དང་། ལག་ཁྱེར་ཆ་མི་ཚང་བའི་བཤས་ར་ཁག་གཅིག་སྒོ་རྒྱག་པ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དང་ཞིང་སྨན་དང་ཕྱུགས་སྨན་རྫུན་མ་ཐོན་སྐྱེད་དང་ཚོང་གཉེར་བྱེད་མཁན་གྱི་ཁྲིམས་འགལ་གྱོད་གཞི་ཁག་གཅིག་ཞིབ་བཤེར་ཐག་གཅོད་བྱེད་པ། ཁྲིམས་འགལ་ཉེས་གསོག་པ་ཁག་གཅིག་ལ་ཆད་པ་གཅོད་པ་བཅས་བྱས་ཏེ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་དཔེ་མཚོན་གྱོད་དཔེ་ཁག་གཅིག་དམར་རྗེན་དུ་འདོན་པ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ལྟ་འདོམས་ལས་དོན་བཅོས་སྒྲིག་བྱེད་པ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་འདོམས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།