[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།
  • བོད་ལྗོངས་ནང་བསྟན་སློབ་གླིང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ།

    སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-10

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ཆེད། ཚེས་7ཉིན་གྱི་དགོང་མོ་བོད་ལྗོངས་ནང་བསྟན་སློབ་གླིང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་སྙན་སེང་འཁྲབ་སྟོན་བྱས་པ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་བྱེད་སྒོ་སྤེལ་ཡུལ་དུ་ཕེབས་ཡོད་པ་རེད།

    ད་རེས་ཀྱི་བྱེད་སྒོས“བདེ་སྐྱིད་ལ་བསྟོད་གླུ་འབུལ། མེས་རྒྱལ་གྱི་བཀའ་དྲིན་དྲན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ནང་བསྟན་སློབ་གླིང་གི་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་དེ་བཞིན་རྒྱ་ཆེའི་གྲྭ་བཙུན་སློབ་མའི་ཏང་གཅེས་རྒྱལ་གཅེས་ཀྱི་ཟོལ་མེད་ཀྱི་བརྩེ་སེམས་དང་། རླབས་ཆེན་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་ཟབ་མོ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་བཅས་གང་ལེགས་མཚོན་པར་བྱས་པ་དང“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་གང་ལེགས་མངོན་པར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།