[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།
  • བོད་རང་སྐྱོང་ལྗོངས་ཀྱིས་རོགས་སྐྲུན་བྱས་པའི་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ལས་ཤག་གསར་པ་ལས་མཇུག་འགྲིལ་བ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-01

     ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱིས་རོགས་སྐྲུན་བྱས་པའི་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ལས་ཤག་གསར་པ་ལས་མཇུག་འགྲིལ་བའི་མཛད་སྒོ་ལྷ་སར་འཚོགས་པ་རེད།

    ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ལས་ཤག་བསྐྱར་སྐྲུན་རྣམ་གྲངས་ལ་ཕྱི་འབྲེལ་པུའི་རྒྱབ་སྐྱོབ་ཐོབ་པའི་ཁར། བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་བཏང་ནས་རོགས་སྐྲུན་བྱས་པ་ཞིག་ཡིན་ཞིང་། ལོ་གཅིག་ཙམ་འཛུགས་སྐྲུན་བྱས་ཡོད། ལས་ཤག་གསར་པའི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་8375.56ཟིན་པ་དང་། སྐྲུན་དངོས་ཀྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་4སྟོང་ཙམ་ཟིན་པ། དེའི་ནང་གཞི་རྩའི་གཞུང་དོན་སྒྲིག་བཀོད་དང་འཚོ་བའི་འཛིན་ཆས་བསྒྲིགས་ནས་ལས་ཤག་ཁང་གི་ལས་མི་བོད་དུ་ལས་དོན་སྒྲུབ་རིང་སྐྱིད་སྣང་དོད་པོ་ཡོང་བའི་འགན་ལེན་བྱས་ཡོད།

    ལས་མཇུག་འགྲིལ་བའི་མཛད་སྒོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་སྐབས་སུ་འཁེལ་ཞིང་། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་བ་ཁའར་ཅི་ཡིས་ནེ་པ་ལའི་སྲིད་གཞུང་གི་ཚབ་ཞུས་ཏེ་འདས་ཟིན་པའི་ལོ་70ཡི་རིང་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུས་པ་རེད།

    “ཀྲུང་གོས་ཨེ་ཤ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་ལམ་བུ་གལ་ཆེན་ཞིག་ཡིན་པའི་བོད་རང་སྐྱོང་ལྗོངས་འདི་ཉིད་ནེ་པ་ལ་དང་མཉམ་དུ‘རྒྱུད་གཅིག་ལམ་གཅིག’གི་ལམ་རྒྱུད་དུ་གནས་པར་བརྟེན། སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་གཅིག་པ་འཕྲད་ཡོད། ཕྱོགས་གཉིས་པོས་ཀྲུང་ནེའི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་བཏོད་དེ། ཀྲུང་ནེའི་མཛའ་གྲོགས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏིན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་ཕྱི་དོན་དོན་གཅོད་གཞུང་དོན་ཁང་གི་ཀྲུའུ་རེན་པད་མ་གཡང་འཛོམས་ཀྱིས་བཤད་པ་རེད།

    ཀྲུང་གོ་དང་ནེ་པ་ལ་ནི་རི་ཆུ་འབྲེལ་བའི་་མཛའ་གྲོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་རེད། ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་དབར་འགྲོ་འོང་ཧ་ཅང་ཟབ་མོ་ཡོད། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ནི་ཕྱིའི་རྒྱལ་ཁབ་ཀྱིས་བོད་རང་སྐྱོང་ལྗོངས་སུ་བཙུགས་པའི་ཕྱི་འབྲེལ་གྱི་སྒྲིག་གཞི་འབའ་ཞིག་དེ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།