[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།
  • བོད་ཀྱིས་ETCཐོག་མར་བཏོན་ནས་འགྲིམ་འགྲུལ་གྲངས་འཛིན་ཅན་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-12

     ཉིན་ཤས་གོང་། “ETCསྒྲིག་སྦྱོར་བྱས་ནས་མྱུར་བགྲོད་གཞུང་ལམ་དུ་སྐྱོད་པའི”བོད་ཀྱི་ETC(རླངས་འཁོར་ཁ་འགོག་མི་དགོས་པའི་གྲོན་བསྡུའི་མ་ལག)འདོན་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་དུ་གཉེར་བ་དེས་བོད་ཀྱི་འགྲིམ་འགྲུལ་ལས་རིགས་རྒྱང་བསྐྱོད་ཀྱི་ལམ་བུ་གསར་པ་ཞིག་ལ་བསྐྱོད་པ་མཚོན་ཐུབ།

    བོད་རང་སྐྱོང་ལྗོངས་ཀྱི་རླངས་འཁོར་ཁ་འགོག་མི་དགོས་པའི་གློག་རྡུལ་གྲོན་བསྡུའི་མ་ལག་དངོས་སུ་སྤྱོད་འགོ་ཚུགས་རྗེས། བོད་ཀྱི་རླངས་འཁོར་གཏོང་མཁན་ཚོས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བྱུང་བའི་སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སྤྱོད་ཐུབ་པ་མ་ཟད། བོད་ཀྱི་མི་དམངས་ཕར་འགྲོ་ཚུར་འོང་བྱེད་པའི་སྟབས་བདེའི་རང་བཞིན་དང་བག་ཕེབས་རང་བཞིན་ཆེ་རུ་སོང་ནས་ནང་སའི་ཞིང་ཆེན་ཁག་དང་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་ཐུབ། སླད་ཕྱིན། ETCདེ་གྲོན་བསྡུའི་རླངས་འཁོར་འཇོག་ས་དང་། སྣུམ་སྣོན་ས་ཚིགས། རླངས་འཁོར་བཀྲུ་ས་སོགས་ཀྱི་རླངས་འཁོར་དང་འབྲེལ་བ་ཡོད་པ་མཐའ་དག་ལ་རྒྱ་ཁྱབ་ངང་སྤྱོད་རྒྱུ་ཡིན་པ་དང་། རང་སྐྱོང་ལྗོངས་སུ་རླངས་འཁོར་ཁ་འགོག་མི་དགོས་པར་གྲོན་བསྡུ་ཐུབ་ནས་ཤར་གཏོང་ནུས་པ་ཆེ་རུ་ཕྱིན་ཏེ་སྟབས་བདེའི་འགྲོ་སྐྱོད་སྔར་བས་ལོངས་སྤྱོད་ཐུབ་རྒྱུ་རེད།

    མིག་སྔར། བོད་དུ་ETCགཱ་གཉེར་སྐབས་ཁ་ལོ་བས་མི་སྒེར་གྱི་ཐོབ་ཐང་ལག་ཁྱེར་དང་། ཁ་ལོ་བའི་ལག་ཁྱེར། འགྲོ་བསྐྱོད་ལག་ཁྱེར་སོཌ་ཀྱི་འབྲེལ་ཡོད་ལག་ཁྱེར་འཁྱེར་ནས་འཛུཌ་སྐྲུན་དངུལ་ཁང་དང་བཟོ་ཚོང་དངུལ་ཁང་སོགས་སུ་སྒྲུབ་གཉེར་བྱེད་ཐུབ། གོམ་སྟབས་རྗེས་མར། མ་རྩ་མཉམ་འཇོག་ཀུང་སིས་འཐབ་ཇུས་མཉམ་ལས་རོགས་ཟླ་དང་ཐབས་ལམ་མང་ཞིང་རིམ་པ་མང་བའི་སྒོ་ནས་ETCསྒྲིག་སྦྱོར་ཁྱབ་གདལ་ཞབས་ཞུའི་ལས་དོན་སྤེལ་རྒྱུ་མ་ཟད། དྲ་ཐོག་དང་དྲ་ཕྱིའི་ཐབས་ལམ་མང་པོ་ཤར་གཏོང་བྱས་ཏེ་བོད་མི་དམངས་ལ་ETCལས་སྒོ་གཉེར་རྒྱུར་སྟབས་བདེ་བསྐྲུན་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།