[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།
  • མ་འོངས་ལོ་ལྔའི་ནང་མི་སྤྱི་པུའུ་སོགས་ཀྱིས་བོད་ལ་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་600གསོ་སྐྱོང་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-11

    ཚེས་9ཉིན། གསར་འགོད་པར་ཁག་གསུམ་པའི་བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་དམིགས་བསལ་གསོ་སྐྱོང་གི་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2019ལོ་ནས་2023ལོ་བར། མི་སྤྱི་པུའུ་སོགས་སྡེ་ཚན་གྱིས་བོད་ལ་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་600གསོ་སྐྱོང་བྱ་རྒྱུ་ཡིན་པ་དང་ཆབས་ཅིག་རིགས་གཅིག་མཁས་ཅན་གྱི་ཞབས་ཞུ་ཚོགས་པའི་བྱེད་སྒོ་ཁག་5སྤེལ་རྒྱུ་ཡིན་པ་རེད།

    ལག་བསྟར་ཇུས་གཞི་གཞིར་བཟུང་། མ་འོངས་ལོ་ལྔའི་རིང་། ལོ་ལྟར་བོད་ནས་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་120བདམས་ཏེ་ནང་སའི་མཐོ་སློབ་དང་། ཚན་ཞིབ་ཁང་དང་སུའོ། ཁེ་ལས་དང་བྱ་གཞག་ཚན་པ་བཅས་སུ་དུས་ཡུན་ལོ་གཅིག་གི་དམིགས་བསལ་གསོ་སྐྱོང་དང་ལག་ལེན་སློབ་སྦྱོང་བྱ་རྒྱུ་རེད། སློབ་གསོ་དང་། འཕྲོད་བསྟེན། ཞིང་འབྲོག་ཁྱབ་གདལ་སོགས་རྨང་གཞིའི་ཁྱབ་ཁོངས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་གཙོ་གནད་ཐོག་གསོ་སྐྱོང་བྱ་རྒྱུ་དང་ཆབས་ཅིག བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་སུ་དགོས་མཁོ་ཆེ་བ་དང་དཀོན་པའི་ཤེས་ལྡན་མི་སྣ་དང་དུས་ཡུན་རིང་པོ་གཞི་རིམ་དུ་ལས་ཀ་བྱེད་མཁན་ཆེད་ལས་ལག་རྩལ་རྐང་འཛིན་པ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆོག་ཆན་ཐོབ་པ་བརྒྱུད། 2009ལོར་མི་སྤྱི་པུའུ་དང་། ནོར་སྲིད་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་སོགས་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བོད་ལ་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་དམིགས་བསལ་གསོ་སྐྱོང་གི་ལས་དོན་ཁག་དང་པོ་མཉམ་དུ་སྤེལ་ཡོད། ལོ་10ཡི་རིང་། བོད་ལ་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་རྐང་འཛིན་པ་1200གསོ་སྐྱོང་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།