ཀྲུང་གོ་དཔལ་འབྱོར་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2021ལོར་བོད་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་རིམ་རྩིས་ལྟར་ན་མི་ཐེངས་ཁྲི་1200ལྷག་ལ་སྣེ་ལེན་ཞུས་ཡོད་པ་རེད།
2021ལོར། “བོད་ལྗོངས་བས་བོད་དུ་ཡུལ་སྐོར་བྱེད་པ”སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ལོ་ཧྲིལ་པོར་གྲོང་གསེབ་ཡུལ་སྐོར་གྱིས་རིམ་རྩིས་ལྟར་ན་ལོ་རེར་མི་གྲངས་ཁྲི་1274.11ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་15.87བྱུང་བ་དང་། ཐད་ཀར་རམ་ཡང་ན་གཞན་བརྒྱུད་ཀྱི་ཐོག་ནས་མི་ཐེངས་64521ལས་ཞུགས་ཡོང་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།