[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ཀྱིས་ཡུལ་སྐོར་གྱི་གོ་དོན་གསར་པར་བགྲོ་གླེང་དང་འཚོལ་ཞིབ་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-05-20

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་བོད་ལྗོངས་ཞིབ་སྦྱོང་ཡུལ་སྐོར་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཡུལ་སྐོར་མཐུན་ཚོགས་ཀྱི་འཐུས་མི་དང་དེ་བཞིན་ཀྲུང་གོ་ཚན་རིག་ཁང་མཚོ་བོད་སུའོ་དང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་སློབ་ཆེན་སོགས་ཀྱི་རིགས་གཅིག་མཁས་ཅན་ད་ཐེངས་ཀྱི་བྱེད་སྒོར་ཞུགས་པ་རེད།

    བྱེད་སྒོ་སྤེལ་རིང་བོད་རང་སྐྱོང་ལྗོངས་ཆེད་དོན་ཡུལ་སྐོར་མཐུན་ཚོགས་ཀྱི་འཐུས་མིས་སྐྱེ་ཁམས་དང་། ལུས་རྩལ། སྒྱུ་རྩལ། དམངས་སྲོལ། གནམ་དཔྱད་ས་ཁམས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བཅས་ཀྱི་དཔེ་དབྱིབས་ནས་བོད་ཀྱི་ཞིབ་སྦྱོང་ཡུལ་སྐོར་ལམ་ཐིག་གི་ཐོན་རྫས་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་སྒྲིག་གཞིའི་འཐུས་མིས་བོད་ཀྱི་ཞིབ་སྦྱོང་ཡུལ་སྐོར་འཕེལ་རྒྱས་ཀྱི་ད་ལྟའི་གནས་སྟངས་དང་། འཕེལ་ཕྱོགས། ཁ་ཕྱོགས་བཅས་ལ་དམིགས་པ་དང་རང་ངོས་ཀྱི་དངོས་ཡོད་ལ་གཞི་ཚུགས་ཏེ། རང་ཉིད་ཀྱི་ལྟ་ཚུལ་ལྷུག་པོར་གླེང་བ་མ་ཟད་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་ཀྱང་བྱས་པ་རེད།

    ཚོགས་འདུའི་མཇུག་ཏུ་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་རིམ་པ་དང་པོའི་སྐོར་གཟིགས་པ་དབང་ཞའོ་ཏུང་གིས་རིགས་གཅིག་མཁས་ཅན་དང་སྒྲིག་གཞིའི་འཐུས་མིར་བློ་འདྲི་བའི་གདན་ཞུས་ལག་ཁྱེར་སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།