
སྨུག་གྲོག་རོང་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཁྱུང་རྩེ་ཤང་དུ་གནས་ཤིང་། ལོ་ངོ་སྟོང་ཕྲག་མང་པོའི་འཁྱགས་རོམ་གྱི་གངས་ཆུ་རྒྱུགས་པས་ད་ཆའི་དམིགས་བསལ་ཁྱད་ཆོས་ལྡན་པའི་རང་བྱུང་མཛེས་ལྗོངས་ཆགས་ཡོད། ཐག་རིང་གི་གངས་རི་དཀར་པོ་དང་ལུང་ཤུར་དུ་ཆགས་པའི་སྨུག་གྲོག་རོང་གི་བཟོ་ལྟ་ཁྱད་མཚར་ཆེ་བར་བརྟེན་ཡུལ་སྐོར་བའི་ཡིད་དབང་འཕྲོག་གི་ཡོད། འདི་ནི་ཟླ་11ཚེས་24ཉིན་པར་བླངས་པའི་སྨུག་གྲོག་རོང་ཡིན་པ།