[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཕྱི་སྣོད་ཡུལ་ལུང་བཀོད་པ་སྐྱེད་ཚལ་འདྲ། སྐུ་མགྲོན་བུང་བ་མ་བོས་མགྲོན་དུ་འཁོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-07-09

    p37_s (2).jpg

    p39_s (2).jpg

    p41_s (2).jpg

    p43_s.jpg

    ས་མཐོའི་གཅེས་ནོར་གྱི་ཁྱུ་ཚོགས།

    p27_s (2).jpg

    ཡུལ་སྐོར་བས་ཕོ་བྲང་ཡུམ་བུ་བླ་མཁར་དུ་ལྟ་སྐོར་བྱེད་བཞིན་པ།

    p29_s (3).jpg

    ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་སྐབས་ཡུལ་སྐོར་བས་པར་ལེན་བཞིན་པ།

    p31_s (2).jpg

    ཆབ་མདོའི་མི་དམངས་ཀྱིས་དགུན་དུས་བོད་དུ་ཡུལ་སྐོར་ཡོང་མཁན་ལ་བསུ་བ་ཞུ་བཞིན་པ།

    ལོ་ངོ་70ཡི་རིང་། རང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་སུ་ཁྱོན་མ་དངུལ་སྒོར་དུང་ཕྱུར་814བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྱོང་འདུ་འགོད་རབ་དང་རིམ་པ་ལག་བསྟར་བྱས་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ཐང་བཅས་བཅོས་སྒྲིག་ཞིབ་ཕྲ་བྱེད་པར་སྤྱི་འདོམས་སྐུལ་འདེད་བཏང་བ། “ཆུ་བོ་གཉིས་དང་གཙང་པོ་བཞིའི”རྒྱུག་ཁོངས་སུ་ནགས་བཟོ་ཤིང་འཛུགས་ཀྱི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་པ་རེད། གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པ་བྱས་ནས་2020ལོར་ནགས་ཚལ་ཁྱབ་ཚད་12.31%ཟིན་ཡོད། 2004ལོ་ནས་2014ལོའི་བར་ཐང་རྒོད་ཅན་གྱི་ས་ཞིང་རྒྱ་ཁྱོན་སྤྱི་ཆིང་ཁྲི་9.24ཉུང་དུ་ཕྱིན་པ་དང་། བྱེ་འགྱུར་ས་ཞིང་རྒྱ་ཁྱོན་སྤྱི་ཆིང་ཁྲི་10.07ཉུང་དུ་ཕྱིན་པ། རང་བྱུང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47%འཕར་ཡོད། ལོ་ངོ་70ཡི་རིང་རང་ལྗོངས་ཀྱི་གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་སྲུང་སྐྱོང་དམག་འཐབ་གསུམ་ལ་ཕན་འབྲས་བཟང་པོ་ཐོན་ཡོད། རྔུབ་རུང་བའི་ཐལ་རྡུལ(PM10)དང་ཕྲ་རྡུལ(PM2.5)གྱི་ལོ་རེའི་ཆ་སྙོམས་གར་ཚད་2015ལོ་ལས་28.1%དང་37.5%སོ་སོར་ཆག་ཡོད། ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་99%ཡན་རྒྱུན་འཁྱོངས་ཐུབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་འགོད་102དང་། གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་འགོད་3300ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་རེད། གཙོ་གནད་གཙང་པོ་དང་ཆུ་བོའི་ཆུའི་སྤུས་ཚད་རིམ་པ་Ⅲགམ་དེ་ཡན་ལ་སླེབས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་100%ཟིན་ཡོད། ཞིང་ལས་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་དང་འགྱིག་ཤོག་སྦགས་བཙོག་གི་འགག་སྒྲོལ་དམག་འཐབ་ལག་བསྟར་བྱས་ནས། རྫོང་གྲོང་དང་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་ཐག་གཅོད་བྱེད་ཚད་97.34%ཟིན་ཡོད་པ་རེད།

    ཉེ་ཆར་ཁྱབ་བསྒྲགས་བྱས་པའི《2020ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་སྤྱི་བསྒྲགས》ལས་མངོན་པར། 2020ལོའི་ལོ་མཇུག་བར་བོད་དུ་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་47བསྐྲུན་པ་དང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34.35%བཟུང་ཡོད། སྟོངས་ལ་ཉེ་བའི་རྩ་ཆེའི་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་སྣ་ཚོགས་214《སྟོངས་ལ་ཉེ་བའི་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་སྣ་ཚོགས་ཀྱི་རྒྱལ་སྤྱིའི་ཚོང་དོན་སྤྱི་ཆིངས》ཀྱི་ཞར་བྱུང་དུ་བཀོད་ཡོད། སྲུང་སྐྱོང་དངོས་རིགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་སླར་གསོ་བྱུང་བ་དང་གཙོད་ཀྱི་གྲངས་འབོར་ཁྲི་30ལྷག་ཙམ་བར་འཕར་བ། རྐྱང་གི་གྲངས་འབོར་ཁྲི་9ལྷག་ཙམ་བར་འཕར་བ། འབྲོང་གི་གྲངས་འབོར་ཁྲི་1ལྷག་ཙམ་བར་འཕར་བ། ཁྲུང་ཁྲུང་སྐེ་ནག་8000ལྷག་ཙམ་བར་འཕར་ཡོད། ད་ཆ་བོད་ནི་སྔར་བཞིན་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་ཤོས་ཀྱི་ས་ཆའི་གྲས་ཤིག་ཡིན་པ་རེད།

    འདས་ཟིན་པའི་ལོ་གཅིག་གི་རིང་། རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་པ་དང་། “རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ”བྱ་རྒྱུ་མཐའ་འཁྱོངས་ཀྱིས“ཁྱད་ལྡན་དང་། རྩེར་སོན། སྤུས་དག”བཅས་ཀྱི་རྩ་དོན་འབུར་དུ་ཐོན་པར་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག་ཞན་ཆ་གསབ་པ་དང་། ཞན་ཆ་ལེགས་གཏོང་། ཟུངས་འཕེལ་གཞི་བརྟན། རྩ་བ་བརྟན་སྲུང་དང་གསར་གཏོད་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཡུལ་སྐོར་སླར་གསོ་ཡག་པོ་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    གསར་འགོད་པར་2021ལོའི་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྗོངས་ཡོངས་སུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་15763.26ལ་སྣེ་ལེན་བྱས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2125.96ཟིན་ཏེ། “ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཚུངས་ལས་ཁག་སོ་སོར་ལྡབ་2.3དང་ལྡབ་2.4འཕར་ཡོད་པ་རེད། ལྗོངས་ཡོངས་ཀྱི་ཡུལ་སྐོར་དཔལ་འབྱོར་གྲངས་གཞི་ལོ་2ཀྱི་སྔ་སྣུར་དུ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དམིགས་ཚད་ལས་བརྒལ་ནས་ལེགས་གྲུབ་བྱུང་བ་དང་། ཡུལ་སྐོར་དཔལ་འབྱོར་གྱིས་ལྗོངས་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་གྱི་33.3%བཟུང་ཡོད།

    གྲངས་གཞི་ལས་མངོན་གསལ། 2016ལོ་ནས་2020ལོའི་བར། རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་2.15དང་། མི་འབོར་དབུལ་པོ་ཁྲི་7.5དབུལ་སྒྲོལ་ཡོང་བར་དངོས་བརྒྱུད་ཅི་རིགས་ཀྱིས་སྐུལ་ཁྲིད་བྱས་ཏེ་ཡུལ་སྐོར་ལ་བརྟེན་ནས་མི་འབོར་དབུལ་པོ་ཁྲི་7.2དབུལ་སྒྲོལ་བྱེད་པའི་དམིགས་ཚད་བདེ་བླག་ངང་ལེགས་གྲུབ་ཐུབ་ཡོད། ཡུལ་སྐོར་སྣེ་ལེན་གྱི་ཆ་རྐྱེན་འཛོམས་པའི་གྲོང་གསེབ་ཀྱི་ཡུལ་སྐོར་ས་ཚིགས་300ལྷག་ཙམ་བཏོད་པ་དང་ཁྱིམ་ཚང་མགྲོན་ཁང་2377ཡོད་པ་རེད།

    ད་ཆ། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་དེ་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་དུ་བདམས་པ་དང་། ཡུལ་སྨད་རྒྱལ་ཁབ་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྱེ་ཁམས་ཡུལ་སྐོར་སྐོར་ལམ་ནང་བཅུག་པ། ལྷ་ཀླུ་འདམ་ར་ཁག་དང་པོའི་རྒྱལ་ཁབ་ཀྱི་འདམ་རའི་ཡུལ་སྐོར་དཔེ་སྟོན་རྟེན་གཞི་10ཡི་གྲས་སུ་བཅུག་པ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་ཉིང་ཁྲི་ཀླུ་ནང་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་གཉིས་རྒྱལ་ཁབ་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ལ་བདམས་པ། ཉིང་ཁྲི་གྲོང་ཁྱེར་ལ“2019ལོའི་ཀྲུང་གོའི་ཚ་གཡོལ་ཡུལ་སྐོར་དཔེ་མཚོན་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པ་བཅས་རེད།

    རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེ་ནི་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟིགས་སྐྱོང་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་ཝང་སུང་ཕིང་གིས། ལོ་འདི་དག་གི་ལག་ལེན་ལས་ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཡུལ་སྐོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བརྩིས་ནས་ཡུལ་སྐོར་འཕེལ་རྒྱས་ཐད་གྲུབ་འབྲས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་བའི་གཞི་རྩའི་འགན་ལེན་ཞིག་ཏུ་འགྱུར་བ་བྱེད་དགོས་པ་ར་སྤྲོད་བྱུང་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།