[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་4Aརིམ་པའི་མཛེས་ལྗོངས་ཁུལ་8མང་དུ་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-28

    694311_yis_1577421333374_s.jpg

    འདི་ནི་གསར་དུ་ཞིབ་བཤེར་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱི་4Aརིམ་པའི་མཛེས་ལྗོངས་ཁུལ་ཏེ་ཝུན་ཤིང་ཀོང་ཇོའི་བོད་ཀྱི་རིག་གནས་ཡུལ་སྲོལ་མཛེས་ལྗོངས་ཁུལ་ཡིན་པ།

     ཉིན་ཤས་གོང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་ཡུལ་སྐོར་ཐོན་ཁུངས་དང་། འཆར་འགོད་ཨུ་ལྷན་གྱི་ཨུ་ཡོན། རིགས་གཅིག་མཁས་ཅན་བཅས་ཀྱིས་བོད་ལྗོངས་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་དང་། ཝུན་ཤིང་ཀོང་ཇོའི་བོད་ཀྱི་རིག་གནས་ཡུལ་སྲོལ་མཛེས་ལྗོངས་ཁུལ། རྨིག་སྟོད་འཁྱགས་རོམ་ཡུལ་སྐོར་མཛེས་ལྗོངས་ཁུལ། མཁའ་ལྡིང་རོང་ཡུལ་སྐོར་མཛེས་ལྗོངས་ཁུལ། ཁྲ་འབྲུག་དགོན་ཡུལ་སྐོར་མཛེས་ལྗོངས་ཁུལ། སྤོ་བོའི་ཁང་དམར་གསར་བརྗེའི་མཛེས་ལྗོངས་ཁུལ་རབ་དང་རིམ་པ། ཡུལ་སྨད་རང་བྱུང་མི་ཆོས་རིག་གནས་མཛེས་ལྗོངས་ཁུལ། གཞིས་རྩེའི་ཇོ་མོ་གླང་མའི་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་གླིང་བཅས་མཛེས་ལྗོངས་ཁུལ་8རྒྱལ་ཁབ་ཀྱི་4Aརིམ་པའི་མཛེས་ལྗོངས་ཁུལ་གྱི་དཔྱད་འཇོག་གི་ཚད་གཞིར་སླེབས་ཡོད་པ་གཅིག་གྱུར་ཐོག་ཞིབ་བཤེར་གཏན་འབེབས་བྱས་པ་རེད། ཝུན་ཤིང་ཀོང་ཇོའི་བོད་ཀྱི་རིག་གནས་ཡུལ་སྲོལ་མཛེས་ལྗོངས་ཁུལ་དེ་རང་ལྗོངས་ཀྱི་རིག་གནས་འཁྲབ་རྩལ་གཙོ་བོར་བྱས་པའི་རྒྱལ་ཁབ་ཀྱི་4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་པོར་གྱུར་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།