[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • གཞིས་རྩེ་གྲོང་ཁྱེར་གྱིས་ལྗོངས་ཕྱིར་བསྐྱོད་ནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-26

     ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས་ཁྲུང་ཆིང་གྲོང་ཁྱེར་དང་། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་བཅས་སུ་སའི་གོ་ལའི་སྣེ་གསུམ་པའི“ཇོ་མོ་གླང་མའི་ཕ་ཡུལ·སྤྲིན་ཚོམ་གྱི་འཁྱག་རོམ”ཞེས་པའི་གཞིས་རྩེའི་ཡུལ་སྐོར་གྱི་ཆེད་དོན་འོས་སྦྱོར་ཚོགས་འདུ་འཚོགས་པ་དང་། ཁྱད་ལྡན་གྱི་གླུ་གར་འཁྲབ་སྟོན་དང་། ཡུལ་སྐོར་སྤུས་རྟགས་ལམ་ཐིག་འོས་སྦྱོར་དང་མྱོང་རོལ་རྣམ་པའི་དྲིལ་བསྒྲགས་སོགས་ཀྱི་ཐབས་ལ་བརྟེན་ནས་གཞིས་རྩེའི་ཕུན་སུམ་ཚོགས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ཁུངས་དང་ཡུལ་སྐོར་ཐོན་རྫས་འགྲེམས་སྟོན་བྱས་པ་མ་ཟད། ཡུལ་སྐོར་གྱི་མཉམ་ལས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་བརྒྱབ་པས་གཞིས་རྩེའི་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་དང་ཡིད་དབང་འགུག་ཤུགས་ཆེ་རུའང་ཕྱིན་ཡོད་པ་རེད།

    འོས་སྦྱོར་ཚོགས་འདུ་ཚོགས་ཡུལ་དུ་འཁྲུག་ཆ་དོད་པའི་སྟོད་གཞས་དང་། སྙན་འཇེབས་ལྡན་པའི《ནང་མ》 དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་དིང་རིའི་ལོ་གཞས《ཇོ་མོ་གླང་མའི་ཉམས་བཟང》བཅས་ལས་འོས་སྦྱོར་ཚོགས་འདུར་མཐོ་རླབས་འཕྱུར་ཞིང་། ས་གནས་ས་ཐོག་གི་ལྟད་མོ་བར་བོད་རིགས་བུ་ཕྲུག་གི་བབ་ཆགས་དང་བརྩེ་སེམས་མངོན་པར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།