
འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་ཡིན་པ།
ལམ་ཐག་ཧྲིལ་པོར་སྤྱི་ལེ་2000ལྷག་ཙམ་ཡོད་པའི་ཁྲོན་བོད་གཞུང་ལམ་གྱི་ལམ་རྒྱུད་དུ་གངས་རི་ར་བས་བསྐོར་ཞིང་། ཆུ་མོ་དྭངས་ཤིང་གཙང་བ་དང་ཚང་ཚིང་ནགས་ཚལ་སྟུག་པ་མ་ཟད། ཁྱད་ཆོས་མི་འདྲ་བའི་གྲོང་མིའི་སྡོད་ཁང་ནི་དེའི་ཁྲོད་ཕྲ་བཏབ་པ་ལྟར་ལྟ་བས་མི་ངོམས་པ་ཞིག་ཡོད། ཁྲོན་བོད་གཞུང་ལམ་གྱི་ལམ་གཞི་རིམ་བཞིན་ལེགས་སུ་ཕྱིན་པ་དང་སྦྲགས་ལམ་རྒྱུད་ཀྱི་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ལའང་རྣམ་པ་གསར་པ་ཐོན་ཡོད།