[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ཀྱིས་ནུས་ཤུགས་ཡོད་རྒུས་རྩེར་སོན་ཡུལ་སྐོར་སྤུས་རྟགས་གཏོད་རྒྱུ་ཡིན་པ།

    2025ལོར་སླེབས་སྐབས་ཡུལ་སྐོར་གྱི་ལོའི་ཡོང་འབབ་སྒོར་དུང་ཕྱུར་800ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-21

    མིག་སྔར། གསར་འགོད་པར་ལྗོངས་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱིས་ཡུལ་སྐོར་ཐོན་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་སྤྱི་འདོམས་སུ་བྱས་ནས་2025ལོར་སླེབས་སྐབས་ལྗོངས་ཡོངས་སུ་A4རིམ་པ་དང་A5རིམ་པའི་མཛེས་ལྗོངས་ཁུལ་30བསྐྲུན་ཐུབ་པ་བྱས་ནས་ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་9000ལ་སྣེ་ལེན་དང་ལོའི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་800ཟིན་པའི་བརྩོན་ལེན་བྱ་རྒྱུ་དང་། ལྗོངས་ཡོངས་སུ་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་མི་ཁྲི་60ལས་ཞུགས་ཐུབ་པ་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་གནས་མཆོག་ལྷ་སའི“སེམས་ཁམས་ཡུལ་སྐོར”དང་བརྗིད་ཆགས་གཞིས་རྩེའི“ཇོ་མོ་གླང་མའི་ཡུལ་སྐོར” བོད་མིའི་འབྱུང་ཁུངས་ལྷོ་ཁའི“མི་ཆོས་རིག་གནས་ཡུལ་སྐོར”མཛེས་པའི་ཉིང་ཁྲིའི“སྣོད་བཅུད་ཡུལ་སྐོར”དཔའ་ཉམས་ལྡན་པའི་ཆབ་མདོའི“ཉམས་ལྡན་ཡུལ་སྐོར”ཡངས་ཤིང་རྒྱ་ཆེ་བའི་ནག་ཆུའི“མྱུལ་དཔྱད་ཡུལ་སྐོར”རྨི་ལམ་མངའ་རིས་ཀྱི“མྱུལ་ཞིབ་ཡུལ་སྐོར”སོགས་ས་ཁོངས་ཀྱི་སྤུས་རྟགས་དང“ཇ་རྟའི་ཚོང་ལམ”དང“ཐང་འཕགས་གནའ་ལམ”སོགས་ས་ཁོངས་སྒྲོལ་བའི་སྤུས་རྟགས་གཏོད་དེ“སའི་གོ་ལའི་སྣེ་གསུམ་པའི”ཡུལ་སྐོར་སྤུས་རྟགས་མ་ལག་བསྐྲུན་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།