[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • སྣང་རྫོང་གི་དྭགས་པོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་དང་ཞིང་འབྲོག་པའི་ལོ་ལེགས་དུས་ཆེན་སྐབས་གཉིས་པ་གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-16

    ཉེ་ཆར། སྣང་རྫོང་གི་དྭགས་པོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་དང་ཞིང་འབྲོག་པའི་ལོ་ལེགས་དུས་ཆེན་སྐབས་གཉིས་པ་གཉེར་ཏེ། ངོ་མཚར་ཆེ་བའི་འཁྲབ་སྟོན་དང་། ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་། མཛེས་ལྗོངས་ཁུལ་དུ་ཡུལ་སྐོར། རྐང་ཐང་ཡུལ་སྐོར། མི་རིགས་ཀྱི་ལུས་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ནས། ཡུལ་སྐོར་བར་རྣམ་པ་སྣ་ཚོགས་ཀྱི་དྭགས་པོའི་དམངས་སྲོལ་རིག་གནས་མྱོང་རོལ་བྱེད་དུ་བཅུག་སྟེ་མཛེས་སྡུག་ལྡན་ལ་བརྗེད་པར་དཀའ་བའི་བག་ཆགས་བཞག་ཡོད།

    སྣང་རྫོང་གི་དྭགས་པོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་ཐོག་མི་རིགས་ཀྱི་ཁྱད་ལྡན་ལུས་རྩལ་འགྲན་བསྡུར་གཉའ་བཅག་དང་བྱེ་ཁུག་འགྱོག་པ་སོགས་ཀྱིས་ཡུལ་སྐོར་བའི་ཡིད་དབང་བཀུག་པ་དང་། ཤང་དང་གྲོང་རྡལ་ཁག་ནས་ཡོང་བའི་འགྲན་ཞུགས་པས་འགྲན་བསྡུར་ཚ་ཚ་འུར་འུར་ངང་བྱས་ཏེ་སྣང་རྫོང་གི་མི་དམངས་མཐུན་སྒྲིལ་འབད་འཐབ་ཀྱི་ལུས་རྩལ་གྱི་སྙིང་སྟོབས་དང་ཧུར་བརྩོན་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་མཚོན་པར་བྱས་ཡོད།

    664706_yis_1569390888970.jpg

    འགྲན་ཞུགས་པས་བྱེ་ཁུག་འགྱོག་བཞིན་པ།

    664708_yis_1569390889680.jpg

    སྣང་རྫོང་གི་མང་ཚོགས་ཀྱིས་ཡུལ་སྐོར་བ་ཚོར་གདོད་མའི་གླུ་གར་འཁྲབ་སྟོན་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།