[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • 2019ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་ཚད་བརྒལ་འགྲན་བསྡུར་སྐབས་གཉིས་པའི་འགྲན་དུམ་གཉིས་པ་མཇུག་འགྲིལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-11

    ཚེས་9ཉིན། 2019ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་ཚད་བརྒལ་འགྲན་བསྡུར་སྐབས་གཉིས་པའི་འགྲན་དུམ་གཉིས་པ་མཇུག་འགྲིལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་དུམ་གཉིས་པ་ནི་ཉིན་གསུམ་རིང་གི་ལམ་ཐག་རིང་ཤོས་ཡིན་ཞིང་། དེར་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་ལམ་ཚད་ཧྲིལ་པོར་སྤྱི་ལེ་160ཙམ་ཡོད་པ་དང་། ལྷོ་ཁ་གྲོང་ཁྱེར་གྱི་ལུས་རྩལ་ཐང་ནས་ཐོན་ཏེ་ཧུའུ་པེ་ལམ་ཆེན་དང་། རྩེད་ཐང་ཡར་ཀླུང་གཙང་པོའི་ཟམ་ཆེན། རྩེད་གོང་མྱུར་བགྲོད་གཞུང་ལམ་བཅས་བརྒྱུད“ཟམ་གཉིས་ཕུག་གཅིག”ནས་རྒྱལ་ལམ་318ལ་ཁ་ལོ་བསྒྱུར་ཏེ་ལམ་བར་དུ་གནམ་ཤང་དང་། མཉེས་ཐང་ཤང་། སྟོད་ལུང་བདེ་ཆེན་ཆུས་བཅས་བརྒྱུད་རྗེས་སྣེའུ་ཤར་ཟམ་ཆེན་ནས་ལྷོ་སྐོར་ལམ་དུ་བསྐྱོད་མཐར། སྣེའུ་ཟམ་ཆེན་གྱི་ནུབ་ངོས་སྨི་200ཡི་སར་འབྱོར་གྱི་ཡོད། རི་ལམ་རྐང་འཁོར་འགྲན་བསྡུར་ནི་ལྷོ་ཁ་གྲོང་ཁྱེར་ལུས་རྩལ་ཐང་ནས་ཐོན་ཏེ་ཧུའུ་པེ་ལམ་ཆེན་དང་། རྩེད་ཐང་ཡར་ཀླུང་གཙང་པོའི་ཟམ་ཆེན། རྩེད་གོང་མྱུར་བགྲོད་གཞུང་ལམ། བསམ་ཡས་གྲོང་རྡལ་བཅས་བརྒྱུད་མཐར་བསམ་ཡས་སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ་འབྱོར་བར་ཁྱོན་སྤྱི་ལེ་36ཡོད་པ་རེད།

    འཁྲུག་ཆ་དོད་པའི་འགྲན་བསྡུར་བྱས་པ་བརྒྱུད། ཉིའུ་ཡེ་ཁུའེ་དང་། ཝང་ཆང་། ལིའུ་ཅན་ཁུན་བཅས་ལ་སྐྱེས་པའི་གཞུང་ལམ་ཚོགས་ཆུང་གི་འགྲན་དུམ་གཉིས་པའི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་སོ་སོར་རག་པ་དང་། ལི་ཅུན་ཅེ་དང་། ལི་ཞུའེ་ཆང་། བསོད་ནམས་བཅས་ལ་སོ་སོར་སྐྱེས་པའི་རི་ལམ་ཚོགས་ཆུང་གི་འགྲན་དུམ་གཉིས་པའི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་རག་པ། སུའུ་གཡོད་དང་། ཧུང་མེ། སྐལ་བཟང་ཆོས་སྒྲོན་བཅས་ལ་སོ་སོར་བུད་མེད་ཀྱི་རི་ལམ་ཚོགས་ཆུང་གི་འགྲན་དུམ་གཉིས་པའི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་རག་པ། ཁྲང་ཧྲ་ཡི་དུས་འཁོར་མདའ་རྩེ་རུ་ཁག་དང་། ཧེ་ལུང་ཅང་རུ་ཁག ཧྲན་ཤིས་རུ་ཁག་བཅས་ལ་སོ་སོར་སྐྱེས་པའི་གཞུང་ལམ་ཚོགས་ཆུང་གི་འགྲན་དུམ་གཉིས་པའི་ཚོགས་པའི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་རག་པ། ཧྥུང་ཤིང་བྱེས་བགྲོད་རྐང་འཁོར་རུ་ཁག་དང་། བྱ་རྒོད་རུ་ཁག ལྷ་ས་གྲོགས་པོའི་རྐང་འཁོར་རུ་ཁག་བཅས་ལ་སོ་སོར་རི་ལམ་ཚོགས་ཆུང་གི་འགྲན་དུམ་གཉིས་པའི་ཚོགས་པའི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་རག་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།