[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • རང་སྐྱོང་ལྗོངས་བརྟག་ཞིབ་ཚོགས་ཆུང་གིས“སའི་གོ་ལའི་སྣེ་གསུམ་པའི”མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་སྤུས་དག་འགྲེམས་ཚོང་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-11

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ“སའི་གོ་ལའི་སྣེ་གསུམ་པའི”མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་སྤུས་དག་འགྲེམས་ཚོང་ལྟེ་གནས་སུ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས“སའི་གོ་ལའི་སྣེ་གསུམ་པའི”མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་སྤུས་དག་འགྲེམས་ཚོང་ལས་དོན་སྤེལ་ཚུལ་ལ་ཁས་ལེན་གང་ལེགས་གནང་ཞིང་། “སའི་གོ་ལའི་སྣེ་གསུམ་པའི”མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་སྤུས་དག་འགྲེམས་ཚོང་ལྟེ་གནས་ནི་རང་ལྗོངས་ཀྱིས་བོད་ལྗོངས་ཀྱི་ཡུལ་སྐོར་དང་རིག་གནས་ཐོན་ཁུངས་ལེགས་ཆ། ཐོན་རྫས་ཀྱི་ཁྱད་ཆོས་བཅས་ལ་བརྟེན་ནས་རྒྱལ་སྤྱི་ཅན་གྱི་ཚད་གཞི་ལྡན་པ་མ་ཟད། ཡུལ་སྐོར་དང་། ཉོ་སྒྲུབ། བཟའ་བཅའ་བཅས་གཞི་གཅིག་ཏུ་བསྡུས་པའི་ཁྱད་ལྡན་གྱི་ཚོང་དོན་འགྲེམས་ཁང་ཞིག་དང་། རྒྱལ་ཁབ་ཕྱི་ནང་ལ་བོད་ཀྱི་ཐོན་རྫས་སྤུས་དག་ངོམ་སྟོན་དང་དྲིལ་བསྒྲགས་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེཌ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག “སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ཀྱི་སྐད་གྲགས་ཆེ་རུ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་བཅས་རེད་ཅེས་བསྟན་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།