[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཡུལ་སྐོར་ལས་རིགས་དར་བའི་གནའ་གྲོང་། ཚོང་ལས་འཁྲུག་ཆ་དོད་པའི་བར་སྐོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-10

    643708_yis_1563510928412_s.jpg

    བགྲེས་སོང་ལྷོད་ལ་བབས་པའི་བར་སྐོར།

    643709_yis_1563510928602_s.jpg

    ཡུལ་སྐོར་དར་ཅིང་རྒྱས་པའི་བར་སྐོར།

    643706_yis_1563510927782_s.jpg

    དཔེ་ཀློག་དྲི་བསུང་འཐུལ་བའི་བར་སྐོར།

    643713_yis_1563510929742_s.jpg

    བརྩེ་དུང་དད་ཞེན་ཟབ་པའི་བར་སྐོར།

    643711_yis_1563510929232_s.jpg

    སྐྲུན་དངོས་གནའ་ཉམས་དོད་པའི་བར་སྐོར།

    643710_yis_1563510928892_s.jpg

    ཚོང་ལས་བྱ་གཞག་དར་བའི་བར་སྐོར།

    ལྷ་ས་གྲོང་ཁྱེར་ནི་བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཀྱི་ལྟེ་གནས་ཡིན་ཞིང་། ལོ་རྒྱུས་ཡིག་ཆར་གཞིགས་ན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བརྩམས་པའི《སྦ་བཞེད》དུ་ལྷ་ས་ཞེས་པའི་མིང་དེ་ཐོག་མར་ཐོན་པ་དང་། ད་ཆ་མི་རྣམས་ཀྱིས་ཉི་འོད་གྲོང་ཁྱེར་ཞེས་འབོད་ཀྱི་ཡོད། དེ་ལས་ཀྱང་བར་སྐོར་ཁྲོམ་གཞུང་ནི་གཙུག་ལག་ཁང་གི་མཐའ་འཁོར་དུ་ཆགས་པའི་ལྷ་སའི་འཁྲུག་ཆ་དོད་ཤོས་ཀྱི་ཚོང་ལས་ཁྲོམ་གཞུང་དང་སྐད་གྲགས་ཆོད་པའི་ཆོས་སྐོར་ལམ། དེ་བཞིན་ཚོང་ལས་ལྟེ་གནས་བཅས་ཡིན། དེ་ནི་མང་ཚོགས་རྣམས་དང་ཡུལ་སྐོར་བའི་སོས་དལ་བག་ཕེབས་ཀྱི་གནའ་བོའི་ཚོང་སྐོར་ལམ་ཞིག་རེད།

    འཁྲུག་ཆ་དོད་པའི་ཁྲོམ་གཞུང་འདིར་ལྟ་བས་མི་ཁོམ་པའི་ཚོང་ཟོག་མང་པོ་ཡོད་པས་ཁྱེད་ཀྱི་ཡིད་དབང་འཕྲོག་ངེས་རེད། བར་སྐོར་ཁྲོམ་གཞུང་དུ་ད་དུང་སྤོས་ཉམས་ལེན་ཁང་ཡོད་པ་དེར་ཡུལ་སྐོར་བ་དང་གྲོང་མི་ཚོས་སོ་སོའི་ཁྱད་ཆོས་ལྡན་པའི་སྤོས་བཟོ་ཆོག

    ཤེས་རྟོགས་བྱུང་བར་གཞིགས་ན། བར་སྐོར་ཤར་ལམ་རྒྱུད་དུ་གནའ་སྔ་མོ་ནས་རྒྱ་རིགས་དང་ཧུད་རིགས་སོགས་མི་རིགས་ཁག་གི་མི་དམངས་ཀྱིས་བོད་རིགས་མང་ཚོགས་དང་འཆམ་མཐུན་མཉམ་གནས་དང་། མཉམ་དུ་ཚོང་རྒྱག་པ་དང་འཚོ་བ་སྐྱེལ་བ་སོགས་ཀྱི་སྐོར་བཀོད་ཡོད། འདིར་སྐྲུན་དངོས་མང་པོ་ཡོད་པ་དཔེར་ན། ཆིང་སྲིད་གཞུང་གི་ཡ་མོན་དོན་གཅོད་ཁྲུའུ་དང་། “པེ་ཅིང་ཁྲོམ་གཟིགས(པེ་ཅིང་ཚོང་ཁང)” “ཞྭ་མོ་དཀར་པོ”སོགས་ནི་ལོ་རྒྱུས་ཀྱི་དཔང་པོ་ཤ་སྟག་རེད།

    པེ་ཅིང་ཁྲོམ་གཟིགས་ནི་དེ་སྔ་སྐུ་དྲག་གི་སྡོད་ཁང་ཡིན་ཞིང་། དུས་རབས་19པའི་ལོ་རབས་20པའི་སྐབས་སུ་བཀའ་ཤག་གི་བཀའ་བློན་ཆེན་པོ་བཞིའི་གྲས་ཏེ་སྣེའུ་ཤར་ལ་དབང་ཡོད། རྗེས་སུ་སྣེའུ་ཤར་གྱིས་ཁང་པ་འདི་པེ་ཅིང་ནས་ལྷ་སར་ཚོང་རྒྱག་པར་ཡོང་བའི་རྒྱ་རིགས་ཚོང་པ་ཧན་ཤིའུ་ཅུན་ལ་བཙོངས། སྐབས་དེ་དུས་ཧན་ཤིའུ་ཅུན་བོད་རིགས་ཚོང་པ་ཞིག་གི་བུ་མོར་སེམས་ཤོར་བ་དང་། ཚོང་པ་དེས་བུ་མོ་མནའ་མར་ལེན་དགོས་ཚེ་ངེས་པར་དུ་སྐུ་དྲག་གི་སྡོད་ཁང་ཞིག་ཉོ་དགོས་པའི་རེ་བ་བཏོན། ཧན་ཤིའུ་ཅུན་གྱིས་དཀའ་བ་ཚད་མེད་སྤྱད་དེ་ཁང་པ་འདི་ཉོས་ནས་བོད་རིགས་བུ་མོ་དེ་མནའ་མར་བསུས་པ་མ་ཟད། ཁང་པ་འདིའི་མིང་ལ“པེ་ཅིང་ཁྲོམ་གཟིགས”ཞེས་མིང་བསྒྱུར་བ་རེད།

    བར་སྐོར་ཁྲོམ་གཞུང་བསྐོར་ནས་ཤར་ལྷོའི་ཕྱོགས་སུ་བསྐྱོད་ན། ཡུལ་སྐོར་བའི་ཡིད་སྨོན་བྱ་ཡུལ་མ་སྐྱེས་ཨ་མ་ཟ་ཁང་ལ་སླེབས་ཀྱི་ཡོད། མི་ཚོས་ཚངས་དབྱངས་རྒྱ་མཚོ་དང་ལྷད་མེད་བརྩེ་དུང་གི་རེ་སྨོན་མཚོན་པའི་ཁང་པ་སེར་པོ་འདི་བོད་ཀྱི་ཡུལ་སྐོར་གྱི་མཛེས་ལྗོངས་ཁུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ། དྲ་རྒྱའི་ཐོག་བོད་ཀྱི་རིག་གནས་དང་བོད་ཀྱི་བཟའ་འཐུང་སྐོར་གྱི་གླེང་མང་བའི་བརྗོད་བྱར་གྱུར་ཡོད།

    བར་སྐོར་ཁྲོམ་གཞུང་གི་བོད་ཆས་པར་ལེན་ཚོང་ཁང་གི་སྦྱིན་བདག་ཅིག་གིས། ད་ཆ་བར་སྐོར་ཁྲོམ་གཞུང་དུ་བོད་ཆས་གྱོན་པའི་པར་ཆ་ཚང་ཞིག་རྒྱག་པ་དེ་ཡུལ་སྐོར་བས་དགའ་པོ་བྱེད་པའི་ཡུལ་སྐོར་རྣམ་གྲངས་ཤིག་ཏུ་གྱུར་ཡོད། “ཡུལ་སྐོར་བ་མང་ཆེ་བས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཆས་གྱོན་རྒྱུར་དགའ་པོ་བྱེད་པ་དང་། དེ་ཡང་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་སྲོལ་རྒྱུན་དང་དེང་རབས་ཀྱི་གཞི་རྒྱུ་མཉམ་དུ་འདྲེས་པའི་བོད་ཆས་གྱོན་རྒྱུར་དགའ་པོ་བྱེད་ཀྱི་འདུག”ཅེས་བཤད།

    བར་སྐོར་ཁྲོམ་གཞུང་དུ་ད་དུང་གནའ་བོའི་སྒོ་ར་མང་པོ་ཡོད། དེའི་ཁྲོད་སྤོམ་མདའ་ཚང་སྒོ་ར་ནི་མིག་སྔར་རང་སོར་བཞག་པའི་ལྷ་སའི་གྲོང་ཁུལ་རྙིང་པའི་བཟོ་སྐྲུན་གྲུབ་ཆ་ཆ་ཚང་ཤོས་ཀྱི་གནའ་བོའི་སྐུ་དྲག་གི་སྡོད་ཁང་ཡིན་པ་དང་། འདིའི་རྒྱ་ཁྱོན་ནི་ལྷ་སའི་སྡོད་ཁང་རྙིང་པའི་གྲས་ཀྱི་ཨང་དང་པོ་ནས་གསུམ་པའི་བར་སླེབས་ཀྱི་ཡོད། སྐྲུན་འགོ་ཚུགས་པ་ནས་ད་བར་ལོ་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་མ་ཟད། བོད་ཀྱི་ལོ་རྒྱུས་ཐོག་གནས་བབ་ཀྱང་ཧ་ཅང་ཆེན་པོ་བཟུང་ཡོད། དེ་སྔ་བོད་ཀྱི་མི་སེར་ཚོས“ས་སྤོམ་མདའ། གནམ་སྤོམ་མདའ”ཞེས་བརྗོད་པ་དེ་ལས་སྡོད་ཁང་རྙིང་པ་འདིའི་བདག་པོའི་དབང་གྲགས་ཆེན་པོ་ལྡན་པ་རྟོགས་ཐུབ།

    ད་ཆ་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་པའི་སྤོམ་མདའ་ཚང་དང་གནའ་བོའི་སྡོད་ཁང་དག་བོད་ཀྱི་ཡུལ་སྐོར་གྱི“མིང་བྱང་གསར་པར”གྱུར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།