[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • སྐབས་དང་པོའི“གཞིས་རྩེའི་ཕྱག་རྟགས”ཀྱི་ཡུལ་སྐོར་ཚོང་ཟོག་དཔྱད་འདེམས་མཇུག་འགྲིལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-27

     ཉིན་ཤས་གོང་། སྐབས་དང་པོའི“གཞིས་རྩེའི་ཕྱག་རྟགས”ཞེས་པའི་ཡུལ་སྐོར་ཚོང་ཟོག(དྲན་རྟེན་དངོས་རྫས)དཔྱད་འདེམས་འགྲན་བསྡུར་ཆེ་མོའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། མཐར་ཡུལ་སྐོར་ཚོང་ཟོག་12ལ་བྱ་དགའ་ཐོབ་པ་རེད།

    ཐེངས་འདིའི་འགྲན་བསྡུར་ཆེ་མོ་ནི་འདི་ལོའི་ཟླ་5པར་འགོ་ཚུགས་པ་དེར་བཟོ་རྩལ་མཛེས་རྩལ་ཐོན་རྫས་དང་། ཡུལ་སྐོར་དྲན་རྟེན་དངོས་རྫས། མི་རིགས་ལག་ཤེས་ཐོན་རྫས། ཡུལ་སྐོར་ཞིང་ལས་ཁྱད་ལྡན་ཐོན་རྫས་བཅས་ཚོཌ་ཆུང་4ལ་ཕྱེ་པ་དང་། ཚོགས་ཆུང་རེར་གསེར་གྱི་བྱ་དགའ་1དང་། དངུལ་གྱི་བྱ་དགའ་1 ཟངས་ཀྱི་བྱ་དགའ་1བཅས་བཟོས་ཡོད། འགྲན་བསྡུར་ནང་ཁྱོན་ཡུལ་སྐོར་ཚོང་ཟོག་100ལྷག་ཞུགས་པ་དང་མཐར་ཡུལ་སྐོར་ཚོང་ཟོག་12ལ་བྱ་དགའ་ཐོབ་པ་རེད། མཐའ་བསྡུར་ནང་ཚུད་པའི་ཡུལ་སྐོར་ཚོང་ཟོག་ཚང་མར“གཞིས་རྩེའི་ཕྱག་རྟགས”ཞེས་པའི་ཡུལ་སྐོར་ཚོང་ཟོག་གི་ལག་ཁྱེར་ཐོབ་པ་དང་འབྲེལ་ཇོ་མོ་གླང་མའི་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པའི་རིང་འགྲེམས་སྟོན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།