[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ལྗོངས་ཀྱིས་ཚད་གཞི་མཐོ་བའི་རྐང་འཁོར་ལུས་རྩལ་གྱི་རྩལ་འགྲན་འགྲན་བསྡུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-01

    2018ལོར་རང་ལྗོངས་ཀྱི་རྐང་འཁོར་ལུས་རྩལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཞིང་། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་རྐང་འཁོར་འགྲན་བསྡུར་ཆེ་གྲས་མང་པོ་གཉེར་བ་དང་། བྲག་གསུམ་མཚོ་སྐོར་བའི་རི་ཁུལ་རྐང་འཁོར་འགྲན་བསྡུར་དང་། ཤོག་བུ་ལ་རྐང་འཁོར་བྱེས་བགྲོད་འགྲན་སློང་འགྲན་བསྡུར། 2018ལོའི་མངའ་རིས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་སྐོར་བའི་རྐང་འཁོར་བྱེས་བགྲོད་འགྲན་བསྡུར་སྐབས་དང་པོ་། ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དང་པོ་སོགས་གཉེར་བས་རང་ལྗོངས་ཀྱི་རྐང་འཁོར་རྣམ་གྲངས་འཕེལ་རྒྱས་ཀྱི་མདུན་ལམ་གང་ལེགས་མངོན་ཡོད། 2019ལོར་རང་ལྗོངས་ཀྱིས་ཧི་མ་ལ་ཡ་བརྒལ་བའི་་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་གཉིས་པ་མུ་མཐུད་སྤེལ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།