[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ལྷ་ས་གྲོང་ཁྱེར་གྱིས“ལྷ་སའི་སྐོར་ལམ་བྱང་མའི”རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་ལྟ་སྐོར་བྱེད་པའི་ལམ་ཐིག་ཡག་ཤོས་བཏོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-01

    བོད་དུ་ཡུལ་སྐོར་ཡོང་རྒྱུར་དགའ་བའི་ཡུལ་སྐོར་བ་ཚོས་རྒྱུན་དུ་ཚད་ཡོད་ཀྱི་དུས་ཚོད་ནང་བོད་ཀྱི་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་འགྱུར་ལ་ལྟ་འདོད་ཡོད།

    གསར་འགོད་པར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ། “ལྷ་སའི་སྐོར་ལམ་བྱང་མར”ལྷ་སའི་ཆེས་ངོ་མཚར་ལྡན་པའི་དགོན་སྡེ་དང་། ཕོ་བྲང་། བོད་ཁང་། ཞིང་ཁུལ། འབྲོག་ཁུལ། དམངས་ཁྲོད་བཟོ་རྩལ་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་། གངས་རི། འཁྱགས་རོམ། མཚོ། རྩྭ་ཐང་། གཙང་པོ། གཞོང་ས་སོགས་རང་བྱུང་གི་མཛེས་ལྗོངས་སྣ་མང་ཡོད་པ་རེད། “ལྷ་སའི་སྐོར་ལམ་བྱང་མར”མ་ལམ་གཅིག་དང་། ཡན་ལན་ལམ་ཐིག་གཉིས། ལམ་ཆུང་བཞི་བཅས་ལས་གྲུབ་ཡོད་པ་དང་། 2018ལོར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ལམ་ཐིག་དེ་སྔར་བས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པ་རེད། ཡུལ་སྐོར་ལས་དོན་ཁང་གིས་ཀྱང་ཐོན་རྫས་རིམ་སྤོར་བྱེད་ཤུགས་ཆེ་རུ་བཏང་ནས་དེ་སྔའི་གནམ་མཚོ་དང་སྟག་གདོང་གྲོང་ཚོ་སོགས་ཀྱི་ཡུལ་སྐོར་ལམ་ཐིག“ལྷ་སའི་སྐོར་ལམ་བྱང་མའི”བར་དུ་རྒྱ་སྐྱེད་དང་སྣུར་སྲིང་བྱས་པས“ལྷ་སའི་སྐོར་ལམ་བྱང་མའི”ཡུལ་སྐོར་ལམ་ཐིག་གཞི་རྩའི་ཆ་ནས་ཆགས་རྒྱུར་སྐུལ་འདེད་ཐེབས་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།