དགུན་ཁ་འཆར་ཚུན། བོད་རང་སྐྱོང་ལྗོངས་སུ་ཁ་བ་བབས་ནས་མུ་ལ་མུ་འབྲེལ་གྱི་རི་བོ་ཁ་བས་བཀླུབས་པས། ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད། མཁའ་དབྱིངས་ནས་བོད་ཀྱི་མཛེས་ལྗོངས་ལ་ལྟ་སྐབས་མཛེས་ཤིང་ལྟ་ན་སྡུག་པའི་གངས་རི་དང་། མཚོ། མཚེའུ། རྩྭ་ཐང་བཅས“འཛམ་གླིང་ཡང་རྩེའི”རྣམ་པར་བཀྲ་བའི་ཡུལ་ལྗོངས་ཤིག་མིག་ལམ་དུ་གསལ་ལེར་འཆར་ཐུབ།

འདི་ནི་པིར་རྩལ་མཁན་པོའི་སོར་རྩེ་ལས་འཁྲུངས་པའི་མཛེས་རིས་ལྟར་གྱི་བོད་རང་སྐྱོང་ལྗོངས་སྤོ་བོ་རྫོང་རྦ་ཁ་གྲོང་ཚོའི་མཛེས་ལྗོངས་ཡིན་པ།

འདི་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་གྱི་ཤེལ་གྱི་མཆོད་རྟེན་འདྲ་བའི་གངས་རིར་ནུབ་ཁའི་ཉི་འོད་ཕོག་པའི་མཛེས་ལྗོངས་ཡིན་པ།