[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • “དགུན་དུས་བོད་དུ་ཡུལ་སྐོར་བྱེད”པའི་སྲིད་ཇུས་ཀྱིས་བོད་ཀྱི་ཡུལ་སྐོར་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-17

    586530_yis_1547614882380_b.jpg

    2019ལོར“དགུན་དུས་བོད་དུ་ཡུལ་སྐོར་བྱེད”པའི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་ཞིང་། དགོན་སྡེའི་མཛེས་ལྗོངས་ཁུལ་ཕུད། ལྗོངས་ཡོངས་ཀྱི་གཞུང་ཁོངས་A3རིམ་པ(A3རིམ་པ་ཚུད་པ)ཡན་གྱི་མཛེས་ལྗོངས་ཁུལ་དུ་རིན་མི་དགོས་པར་ཡུལ་སྐོར་དུ་བསྐྱོད་ཆོག་པ་མ་ཟད། ད་དུང་ཞག་སྡོད་དང་འགྲིམ་འགྲུལ་གྱི་གླ་རིན་ཡང་ཡུལ་སྐོར་དུ་ཡོང་མཁན་མང་བའི་དུས་ཚིཌ་ལས50%ཡིས་དམའ་བ་ཡོད། གཟིཌ་སྐྱོང་སྲིད་ཇུས་ལག་ལེན་བསྟར་བའི་དུས་ཚོད་ནི་2019ལོའི་ཟླ་3ཚེས་15ཉིན་བར་རེད། བསྡོམས་རྩིས་ལྟར་ན། “དགུན་དུས་བོད་དུ་ཡུལ་སྐོར་བྱེད”པའི་བྱེད་སྒོ་སྤེལ་རྒྱ་ཆེ་རུ་བཏང་བ་དང་ཆབས་ཅིག 2018ལོར་ལྗོངས་ཡོངས་ཀྱིས་ལོ་ཧྲིལ་པོར་ཡུལ་སྐོར་བར་སྣེ་ལེན་ཞུ་གྲངས་ཁྲི་3000ལས་ཐོག་མར་བརྒལ་ནས་མི་ཐེངས་ཁྲི་3368ཟིན་པ་དང་། “དགུན་དུས་བོད་དུ་ཡུལ་སྐོར་བྱེད”པའི་སྲིད་ཇུས་ལས་བོད་ཀྱི་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་མྱུར་བའི་ལམ་དུ་བསྐྱོད་པར་སྐུལ་འདེད་ནུས་ལྡན་བཏང་ཡོད། འདི་ནི་སི་ཁྲོན་ཁྲེང་ཏུའུ་ནས་རླངས་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་བུད་མེད་ཅིག་གིས་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་དྲན་རྟེན་པར་རྒྱག་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།