[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ཀྱི“འཁྱཌ་རོམ་ཁུལ”དུ་ཡུལ་སྐོར་དང་ཁོར་ཡུག་སྲུང་སྐྱོང་གཉིས་ཀར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-12

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། “འཁྱགས་རོམ་ཁུལ”ཞེས་སྙན་གྲགས་གང་སར་ཁྱབ་པའི་བོད་ཀྱི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གིས་ཡུལ་སྐོར་ལམ་ཐིག་མང་པོ་བཟོས་ཏེ་འཁྱགས་རོམ་མཛེས་ལྗོངས་ཀྱི་སྤུས་རྟགས་བཏོད་པ་དང་དུས་མཚུངས་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས་ནན་པོ་སྤྱད་ནས། མིའི་རིགས་ཀྱི་བྱེད་སྒོས་སྣོད་བཅུད་ལ་ཤུགས་རྐྱེན་བཟོ་ཚད་ཆུང་དུ་གཏོང་རྒྱུར་འགན་ལེན་བྱས་པ་རེད།

    སྤོ་བོ་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་མཚོ་བོད་ས་མཐོའི་འཁྱགས་རོམ་འདུས་ཁུལ་ཆེ་ཤོས་རེད། སྤོ་བོ་རྫོང་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཚེ་རིང་བདེ་སྐྱིད་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། སྤོ་བོ་རྫོང་ཁོངས་སུ་འཁྱགས་རོམ་ཁྱོན་2000ལྷག་ཡོད་ཅིང་། དེ་ནི་འཛམ་གླིང་གིས་ཁས་ལེན་པའི“འཁྱགས་རོམ་ཁུལ”ཡིན་པ་དང་། དེ་གར་ཀྲུང་གོའི་རྒྱ་མཚོའི་རང་བཞིན་གྱི་འཁྱགས་རོམ་ཆེ་ཤོས་ཁ་ཆིན་འཁྱགས་རོམ་དང་ཀྲུང་གོའི་འཁྱགས་རོམ་མཛེས་ཤོས་མིད་སྟོད་འཁྱགས་རོམ་སོགས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། སྤོ་བོ་རྫོང་གིས་འཁྱགས་རོམ་གྱི་ཡུལ་སྐོར་ལམ་ཐིག་ཧུར་ཐག་བཟོས་ནས་2017ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་10ལྷག་ལ་སྣེ་ལེན་ཞུས་པ་རེད། ཡུལ་སྐོར་འཕེལ་རྒྱས་གཏོང་རིང་། སྤོ་བོ་རྫོང་གིས་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས་ནན་པོ་མཐའ་འཁྱོངས་བྱས་པས་མིའི་རིགས་ཀྱི་བྱེད་སྒོས་འཁྱགས་རོམ་ལ་ཤུགས་རྐྱེན་བཟོ་ཚད་ཆུང་ཤོས་སུ་བཏང་བ་རེད།

    མིག་སྔར་སྤོ་བོ་རྫོང་གིས་བཏོན་པའི་འབྲེལ་ཡོད་འཆར་འགོད་ནང་། འཁྱགས་རོམ་མཛེས་ལྗོངས་ཁུལ་དུ་འཛུགས་སྐྲུན་ཆེན་པོ་བྱེད་པ་གཏན་འགོག་བྱས་ཤིང་། འཁྱགས་རོམ་གྱི་ཉེ་འཁོར་དུ་རྐང་ཐང་ལམ་དང་། པར་རྒྱག་ས། ངོ་སྤྲོད་བྱང་བུ་སོགས་ལས་བཟོ་མི་ཆོག་པའི་གཏན་འཁེལ་བྱས་པ་རེད།

    ཚེ་རིང་བདེ་སྐྱིད་ཀྱིས་མིད་སྟོད་འཁྱགས་རོམ་གྱི་ཡུལ་སྐོར་ལ་མཚོན་ན། ཡུལ་སྐོར་བ་མཛེས་ལྗོངས་ཁུལ་དུ་སླེབས་རྗེས་ངེས་པར་དུ་འཁོར་རིགས་གཏན་འཁེལ་ས་ཁོངས་སུ་འཇོག་དགོས་པ་དང་། འཁྱགས་རོམ་ཡོད་སར་བསྐྱོད་ན་རྐང་ཐང་ལ་འགྲོ་དགོས་ཞེས་བཤད།

    ཁོང་གིས“ང་ཚོ་དང་ཡུལ་སྐོར་ཀུང་སིའི་དབར་བཞག་པའི་གསར་སྤེལ་གན་རྒྱའི་ནང་། ཁོར་ཡུག་སྲུང་སྐྱོང་གི་ནང་དོན་ལ་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་པ་མ་ཟད། འཛུགས་སྐྲུན་མི་ཆོག་པའི་ནང་དོན་ཡང་གསལ་པོ་བཟོས་ཡོད”ཅེས་བཤད།

    ཚེ་རིང་བདེ་སྐྱིད་ཀྱིས་སྤོ་བོ་རྫོང་གིས་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས་ནན་པོ་མུ་མཐུད་སྤྱད་ནས་ཡུལ་སྐོར་བ་མང་པོས་འཁྱགས་རོམ་གྱི་མཛེས་སྡུག་མྱོང་རོལ་ཐུབ་པ་དང་། མང་ཚོགས་སྔར་བས་མང་བར་སྣོད་བཅུད་ཡུལ་སྐོར་ནས་ཕན་པ་ཐོབ་པ་བྱ་རྒྱུ་ཡིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།