[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ལོར་ཡུལ་སྐོར་བ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་500ལས་བརྒལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར    |    རྩོམ་པ་པོ།      |    སྤེལ་དུས།   2018-12-06

    ཚེས་4ཉིན་གྱི་སྔ་དྲོ། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུ་4401བདེ་བླག་ངང་གནམ་ཐང་དུ་འབྱོར་བ་དང་བསྟུན་ནས། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ཀྱིས་འདི་ལོར་སྐྱེལ་འདྲེན་བྱས་པའི་ཡུལ་སྐོར་བ་དང་འགྲུལ་པ་ཁྲི་500ཟིན་ལ། བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་ཀྱང་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

    སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ཀྱིས་མཉེན་ཆས་དང་མཁྲེགས་ཆས་ལེགས་སྒྱུར་ཐད་གཞོལ་ནས་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། ལྗོངས་ནང་ཁུལ་གྱི་གནམ་ཐང་གི་བཀོད་པ་འཐུས་ཚང་དུ་བཏང་བ། ལག་རྩལ་གསར་གཏོད་དང་མཐོ་རུ་བཏང་བ་བཅས་ཀྱི་ཐོག་ནས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་ལ་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། མིག་སྔར་རང་ལྗོངས་སུ་ལྷ་སའི་གོང་དཀར་དང་། ཆབ་མདོའི་སྤང་མདའ། ཉིང་ཁྲིའི་སྨན་གླིང་། མངའ་རིས་ཀྱི་དགུན་ས། གཞིས་རྩེའི་ཞི་བདེ་བཅས་སྐྱེལ་འདྲེན་གནམ་ཐང་5ཡོད་པ་དང་། གནམ་གྲུ་སྒུག་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་ཁྲི་4ལྷག་དང་། འཕུར་སྐྱོད་བྱེད་མཁན་མཁའ་འགྲུལ་ཀུང་སི་10 མཁའ་ལམ་88 ཤར་གཏོང་ཐུབ་པའི་གྲོང་ཁྱེར་47བཅས་ཡོད་པའི་ཁར་ཉིན་ལྟར་གནམ་གྲུ་འགྲོ་འོང་བྱེད་ཚད་མཐོ་ཤོས་ལ་130ཟིན་ཡོད་པ་རེད།

    དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ཀྱི་ཅུས་ཀྲང་དཔལ་སྒྲོན་གྱིས། ལོར་ཡུལ་སྐོར་བ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་500ལས་བརྒལ་བ་ནི། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཀྱིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་ཕུལ་བའི་ཕྱག་རྟགས་ཡག་ཤོས་དེ་ཡིན། གོམ་སྟབས་རྗེས་མར། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ཀྱིས་གནམ་ཐང་གི་བཀོད་པ་དང་ལེ་ལག་སྒྲིག་བཀོད་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་2020ལོར་སླེབས་སྐབས། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་700ལྷག་སྐྱེལ་འདྲེན་ཐུབ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།