[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • དགུན་དུས་བོད་ལ་ཡུལ་སྐོར་དུ་ཕེབས་ན་གཟིགས་སྐྱོང་སྲིད་ཇུས་མང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-02

    གསར་འགོད་པར་བོད་ཀྱི་ཡུལ་སྐོར་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། “དགུན་དུས་བོད་ལ་ཡུལ་སྐོར་དུ་སྐྱོད”གཟིགས་སྐྱོང་སྲིད་ཇུས་ཀྱི་ཆ་ཤས་ཤིག་ཡིན་པའི་ཕོ་བྲང་པོ་ཏ་ལར་ཟླ་11ཚེས་1ཉིན་ནས་2019ལོའི་ཟླ་3ཚེས་15ཉིན་བར་རིན་མེད་ལྟ་སྐོར་སྲིད་ཇུས་ལག་ལེན་བསྟར་རྒྱུ་རེད། དེའི་རིང་ཡུལ་སྐོར་བས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་བསྟན་ཏེ་ཉིན་དེ་གའི་རིན་མེད་ལྟ་སྐོར་སྤ་སེ་བླངས་ནས་ལྟ་སྐོར་དུ་བསྐྱོད་ཆོག་གི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལྟར་གྱི་ཟླ་5ཚེས་1ཉིན་ནས་ཟླ་10ཚེས་31ཉིན་བར་ནི་ཡུལ་སྐོར་བ་མང་བའི་དུས་ཚིགས་ཡིན་ཞིང་། ཕོ་བྲང་པོ་ཏ་ལའི་སྤ་སེའི་རིན་གོང་སྒོར་200རེད། ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཏེ་ཟླ་11ཚེས་1ཉིན་ནས་ཕྱི་ལོའི་ཟླ་4ཚེས་30ཉིན་བར་གྱི་སྤ་སེའི་རིན་གོང་ནི་སྒོར་100རེད། བོད་རང་སྐྱོང་ལྗོངས་ཀྱིས“དགུན་དུས་བོད་ལ་ཡུལ་སྐོར་དུ་སྐྱོད”གཟིགས་སྐྱོང་སྲིད་ཇུས་བཏོན་ཏེ། ཕོ་བྲང་པོ་ཏ་ལར་ཟླ་11ཚེས་1ཉིན་ནས་2019ལོའི་ཟླ་3ཚེས་15ཉིན་བར་རིན་མེད་ལྟ་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་རྒྱུ་རེད། དེའི་རིང་ཡུལ་སྐོར་བས་ཐོབ་ཐང་ལག་ཁྱེར་ཁྱེར་ནས་ཕོ་བྲང་པོ་ཏ་ལའི་སྤ་སེ་མངག་སའི་སྒེའུ་ཁུང་ནས་ཉིན་དེ་གའི་རིན་མེད་ལྟ་སྐོར་སྤ་སེ་བླངས་ཏེ་སྤ་སེའི་དུས་ཚོད་གཞིར་བཟུང་ཉིན་དེ་གར་ལྟ་སྐོར་བྱ་ཆོག རིན་མེད་སྲིད་ཇུས་ལག་ལེན་བསྟར་རིང་། སྤྲོ་གསེང་ལྟ་སྐོར་གྱི་སྒྲིག་ལམ་ཡག་པོ་ཡོང་ཆེད་དང་ཡུལ་སྐོར་བ་མང་བའི་རྐྱེན་གྱིས་ཕོ་བྲང་པོ་ཏ་ལའི་ཤིང་རྒྱུའི་ཁང་པར་གནོན་ཤུགས་ཆེན་པོ་འཕྲད་པའི་གནས་ཚུལ་མི་ཐོན་པ་བྱ་ཆེད། ཡུལ་སྐོར་བའི་མི་གྲངས་4000ཡན་ཟིན་པའི་དུས་མངགས་ཉོ་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་པས་ཡུལ་སྐོར་བས་ཉིན་གཅིག་གི་སྔོན་ལ་སྤ་སེ་མངག་དགོས་ཀྱི་ཡོད། ལྟ་སྐོར་གྱི་དུས་ཚོད་ནི་གནས་སྐབས་ཞོགས་པའི་ཆུ་ཚོད9:00ནས་ཕྱི་དྲོའི་3:00བར་གཏན་འཁེལ་བྱས་ཡོད། གལ་སྲིད་ཡུལ་སྐོར་བ་མང་དུ་ཕྱིན་ན་སྒོ་དབྱེའི་དུས་ཚོད་རིང་དུ་གཏོང་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།