[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཁལ་གཡག་སྐྱེལ་འདྲེན་རུ་ཁག་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་སུ་གྱུར་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-28

    གངས་ས་ཁལ་གཡག་སྐྱེལ་འདྲེན་རུ་ཁག་གི་མིང་གྲགས་སྔ་ས་ནས་ཕྱོགས་བཞིར་ཁྱབ་ཡོད།

    2017ལོར་གངས་ས་ཁལ་གཡག་སྐྱེལ་འདྲེན་རུ་ཁག་དེ“གངས་ས་གྲོང་ཚོའི་ཁལ་གཡག་སྐྱེལ་འདྲེན་ཡུལ་སྐོར་ཞབས་ཞུ་ལྟེ་གནས”ལ་མིང་བསྒྱུར་བ་དེ་ལས་དེ་སྔའི་ཁལ་གཡག་སྐྱེལ་འདྲེན་རུ་ཁག་དེ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་དང་། མཉམ་སྡེབ་དཔལ་འབྱོར་རྩ་འཛུགས། དམངས་ཁྲོད་མཐུན་ཚོགས་བཅས་གཞི་གཅིག་ཅན་གྱི་ཆེད་ལས་མཉམ་ལས་རྩ་འཛུགས་སུ་གྱུར་པ་མཚོན་ཐུབ།

    འདི་ལོ་ལོ་36ལ་སླེབས་པའི་འགྱུར་མེད་རྡོ་རྗེ་ནི་གངས་ས་གྲོང་ཚོའི་གྲོང་ལྷན་གྱི་ཀྲུའུ་རེན་ཡིན་པ་དང་ད་ཆ་གངས་ས་གྲོང་ཚོའི་ཁལ་གཡག་སྐྱེལ་འདྲེན་ཡུལ་སྐོར་ཞབས་ཞུ་ལྟེ་གནས་ཀྱི་ཁྲིམས་མིའི་འཐུས་ཚབ་ཡིན་པ་དང་2017ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཡོད།

    གངས་ས་གྲོང་ཚོའི་ཁལ་གཡག་སྐྱེལ་འདྲེན་ཡུལ་སྐོར་ཞབས་ཞུ་ལྟེ་གནས་ཀྱི་འཕེལ་རྒྱས་ལོ་རྒྱུས་སྐོར་གླེང་སྐབས། འགྱུར་མེད་རྡོ་རྗེས་བརྗོད་དོན། 1981ལོར་ཡུལ་སྐོར་བ་རིམ་གྱིས་མང་དུ་ཕྱིན་པ་དང་བསྟུན་ནས་གྲོང་མི་ཁག་གཅིག་གིས་རང་འགུལ་ངང་སྐྱེལ་འདྲེན་རུ་ཁག་བཙུགས་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་ཞབས་ཞུ་བྱས་པ་དང་། 1996ལོར་གྲོང་ཚོ་ཨུ་ལྷན་གྱིས་གངས་ས་གྲོང་ཚོའི་ཁལ་གཡག་སྐྱེལ་འདྲེན་རུ་ཁག་འཛུགས་རྒྱུའི་ཐག་བཅད་པ། 2004ལོར་སྤྱི་ཚོགས་ཀྱི་ཚོགས་པའི་ངོ་བོ་ལྡན་པའི་སྐྱེལ་འདྲེན་ཞབས་ཞུ་རུ་ཁག་བཙུགས་པ་དང་དེའི་ནང་དུད་ཚང་160ཡི་མང་ཚོགས་695དང་འབྲི་གཡག་2235ཡོད། 2010ལོར་སྤུ་ཧྲེང་རྫོང་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་ངོ་བོ་ལྡན་པའི་སྐྱེལ་འདྲེན་ཞབས་ཞུའི་རུ་ཁག་བཙུགས་པ། 2017ལོར་ས་ཁུལ་དམངས་སྲིད་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ངོ་བོ་ལྡན་པའི་གངས་ས་གྲོང་ཚོའི་ཁལ་གཡག་སྐྱེལ་འདྲེན་ཡུལ་སྐོར་ཞབས་ཞུ་ལྟེ་གནས་བཙུགས་པ་རེད།

    2018ལོའི་ཟླ་8པའི་ཟླ་མཇུག་བར། གངས་ས་གྲོང་ཚོའི་ཁལ་གཡག་སྐྱེལ་འདྲེན་ཡུལ་སྐོར་ཞབས་ཞུ་ལྟེ་གནས་སུ་དུད་ཚང་322ཀྱི་མི་1103ཡོད་པ་མ་ཟད། ད་དུང་ཁལ་གཡག་2206དང་རྟ་1103ཡོད། དེ་དང་ཆབས་ཅིག་ཡུལ་སྐོར་ཞབས་ཞུ་ཁྱབ་ཚད་99%ཟིན་པ་དང་ཡུལ་སྐོར་ཞབས་ཞུའི་ཡོང་འབབ་སྒོར་ཁྲི་1000ལས་བརྒལ་ནས་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་12200ལྷག་ཟིན་ཡོད། ངལ་ནུས་ཕྱིར་གཏོང་མི་ཐེངས་6000ལྷག་ཐུབ་པ་དང་། ཞིང་འབྲོག་པ་1103ལ་འབབ་འཕར་བཏོད་རྒྱུར་སྐུལ་ཁྲིད་བྱས་པ། མཐའ་འཁོར་གྱི་རྫོང་དང་གྲོང་ཚོའི་མི་ཐེངས་1000ལྷག་གི་ངལ་ནུས་སྤྱད་པ། དུད་ཚང་91གི་མང་ཚོགས་དབུལ་པོ་252ཚང་མ་ཡུལ་སྐོར་ཞབས་ཞུའི་ཐོན་ལས་ནང་བཅུག་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་9550བྱུང་བ་བཅས་རེད།

    ཚེ་རིང་ཆོས་སྐྱིད་ནི་བོད་ལྗོངས་ཞིང་འབྲོག་སློབ་གླིང་ཡུལ་སྐོར་དོ་དམ་ཆེད་ལས་ཀྱི་སློབ་མ་ཡིན་པ་དང་། 2017ལོར་སློབ་གྲྭ་ཐོན་རྗེས་ཁོ་མོས་ཕ་ཡུལ་གངས་ས་གྲོང་ཚོའི་ཁལ་གཡག་སྐྱེལ་འདྲེན་ཡུལ་སྐོར་ཞབས་ཞུ་ལྟེ་གནས་སུ་ལས་ཞུགས་ཐུབ་ཡོད།

    རང་ཉིད་ཀྱིས་སྦྱངས་པའི་ཆེད་ལས་དང་མཐུན་ལ་ཁྱིམ་དང་ཐག་ཉེ་སར་ལས་ཀ་འགྲོ་རྒྱུ་བྱུང་བས་རྩིས་པའི་ལས་ཀ་འགན་འཁུར་བའི་ཚེ་རིང་ཆོས་སྐྱིད་བསམ་དོན་ལྷུན་གྲུབ་བྱུང་ནས་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།