[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཕྱུགས་འཚོ་ས་དཀྱུས་མ་ཞིག་ནས་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་དུ་གྱུར་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-28

    རྒྱལ་ལམ་219བརྒྱུད་ནུབ་ཕྱོགས་སུ་ཤར་རེར་སྐྱོད་ཚེ་སྤུ་ཧྲེང་རྫོང་ཁོངས་སུ་འབྱོར། གངས་རིན་པོ་ཆེའི་མདུན་ངོས་ན་དུ་བས་འཁྲིགས་པའི་གྲོང་རྡལ་ཆེན་པོ་ཞིག་ཡོད་པ་དེ་ནི་བར་ག་ཤང་སྲིད་གཞུང་གནས་སའི་གངས་ས་གྲོང་ཚོ་ཡིན་ཞིང་། གྲོང་ཚོ་དེ་ལྟ་བུ་ས་རྒྱ་ཆེ་ལ་མི་འབོར་ཉུང་བའི་མངའ་རིས་སུ་མཐོང་དཀོན་པ་ཞིག་རེད།

    བར་ག་ཤང་དུ་སྲིད་འཛིན་གྲོང་ཚོ་གཉིས་ཡོད་པ་སྟེ། གངས་ས་གྲོང་ཚོ་ནི་གངས་རིན་པོ་ཆེའི་འདབས་དང་གཞུང་པ་གྲོང་ཚོ་ནི་མ་ཕམ་གཡུ་མཚོའི་འགྲམ་དུ་ཆགས་ཡོད། ཐུན་མིན་གྱི་རང་བྱུང་ཐོན་ཁུངས་ལས་ཤང་འདི་ཉིད་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཡུལ་སྐོར་དམིགས་སར་གྱུར་ནས་ཟ་ཁང་དང་མགྲོན་ཁང་སོགས་གང་དགོས་ཅི་འཛོམས་པ་དང་དར་རྒྱས་འགྲོ་ཚད་འབྲོག་ཁུལ་གཞན་གྱི་ཤང་གྲོང་རྡལ་དང་བསྡུར་ཐབས་མེད།

    འོན་ཀྱང་ལོ་40ཡི་གོང་། དེར་རྣམ་པ་གཞན་ཞིག་ཡིན།

    འདི་ལོ་ལོ་61ལ་སླེབས་པའི་འཕྲིན་ལས་ཀྱི་ཕ་ཡུལ་ནི་ཆབ་མདོ་ནས་ཡིན་པ་དང་། 1985ལོར་བར་ག་ཤང་དུ་གཞིས་ཆགས། ཁོང་གི་དྲན་ཤེས་སུ་དེ་སྔ་ས་ཆ་དེ་ནི་ཕྱུགས་འཚོ་ས་དཀྱུས་མ་ཞིག་ཡིན་པ་དང་རྡོས་སྤུངས་པའི་སྟབས་བདེའི་ཁང་པའི་ནང་འབྲོག་པ་རྣམས་ཕྱུགས་འཚོ་སྐབས་གནས་སྐབས་སྡོད་ས་རེད།

    འགྱུར་ལྡོག་ནི་འགྲོ་མགྱོགས་པ་ཞིག་རེད། དུས་རབས་གོང་མའི་ལོ་རབས་80པ་ཤར་མ་ཐག་བར་ག་ཤང་དུ་ཡུལ་སྐོར་ལ་ཡོང་མཁན་དང་འགྲུལ་པ་ཇེ་མང་དུ་སོང་བས་ཡུལ་དེ་རིམ་གྱིས་དར་རྒྱས་ཕྱིན་ནས་ཚོང་རྒྱག་མཁན་དང་འགྲུལ་ཁང་གཉེར་མཁན་ཡོད་ལ་ཁང་པ་ཡང་ཇེ་མང་དུ་སོང་ཡོད།

    “2006ལོར་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་ཚུན། འབྲོག་དུད་180རྦད་དེ་དེ་གར་གཞིས་ཆགས། 2010ལོར་རྒྱལ་ལམ་219ལ་སྣུམ་ནག་བཏིང་བས་བར་ག་ཤང་ཡང་དངོས་སུ་འཁྲུག་ཏུ་ཕྱིན་སོང་། མིག་སྔར་ཤང་དེ་ཡོངས་སུ་ཚོང་ཁང་དང་། འགྲུལ་ཁང་། ཟ་ཁང་། “འབྲོག་པའི་སྤྲོ་སྐྱིད་ཁང”བཅས་387ཡོད”ཅེས་ཤང་ཀྲང་ཡེ་ཤེས་མཚོས་དེ་ལྟར་བཤད།

    2013ལོར་སྤུ་ཧྲེང་རྫོང་གིས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དེ་གཞི་ཁྱོན་ཅན་དང་ཆེད་ལས་ཅན་ལ་འཛུགས་སྐྲུན་བྱས་ནས་སྔ་རྗེས་སུ་བར་ག་ཤང་དུ་ཧི་མ་ལ་ཡའི་གངས་རིན་པོ་ཆེའི་གསོལ་མགྲོན་ཁང་བསྐྲུན་པ་དང་། མ་དངུལ་སྒོར་ཁྲི་100བཏང་ནས་གངས་རིན་པོ་ཆེའི་གད་སྙིགས་སྦས་ས་བསྐྲུན་པ། མ་དངུལ་སྒོར་ཁྲི་335བཏང་ནས་གངས་ས་གྲོང་ཚོར་ཡུལ་སྐོར་རོགས་སྐྱོབ་ལྟེ་གནས་བསྐྲུན་པ། རྒྱལ་ལམ་219ལམ་རྒྱུད་ཀྱི“སྦྲ་ནག”སྒར་སའི་འཆར་གཞི་འགོ་བརྩམས་པ་བཅས་བྱས་པས་བར་ག་ཤང་གི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞབས་ཞུ་དང་སྣེ་ལེན་གྱི་ཆུ་ཚད་སྐས་རིམ་གསར་པར་སླེབས་ཡོད།

    2015ལོར་བར་ག་ཤང་དེ་རང་སྐྱོང་ལྗོངས་ཀྱིས་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་རྣམ་གྲངས་20ཡི་ནང་བཅུག་ཡོད། མིག་སྔར་རང་སྐྱོང་ལྗོངས་ཨར་སྐྲུན་རྩད་ཞིབ་ཇུས་འགོད་ཁང་གིས་བཟོས་པའི《མངའ་རིས་དར་ཆེན་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་འཆར་འགོད་དང་དེ་བཞིན་ཡུལ་སྲོལ་ཇུས་འགོད》ལེགས་གྲུབ་ཟིན་པ་དང་བར་ག་ཤང་གིས་ཀྱང་འཆར་འགོད་ལྟར་འཛུགས་སྐྲུན་བྱེད་བཞིན་ཡོད། དེ་བསྐྲུན་རྗེས་བར་ག་ཤང་འདི་ཉིད་གླིང་ཁུལ་ཆེན་པོ་7དང་། སྤུ་ཧྲེང་གི་ཁྱད་ཆོས་དང་དམངས་སྲོལ་གྱིས་ཕྱུག་པ། ནུས་པ་ཆ་ཚང་བ། འཚོ་བ་སྐྱིད་སྣང་དོད་པ་བཅས་ཀྱི་རྒྱལ་སྤྱི་ཅན་གྱི་ཡུལ་སྐོར་གྲོང་རྡལ་དུ་འགྱུར་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།