[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཡུལ་སྐོར་ལས་རིགས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཧོའུ་ཕེང་ཧྥེ།    |    སྤེལ་དུས།   2018-10-17

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་སྐྱོན་བྲལ་དང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ཡུལ་སྐོར་དཔལ་འབྱོར་གྱི་སྣེ་ལེན་སྟོན་གྲངས་ལོ་རེ་བཞིན་20%ཡན་འཕར་བའི་རྣམ་པ་མངོན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ཀྱིས་ལོར་སྣེ་ལེན་ཞུས་པའི་མི་གྲངས་2003ལོའི་མི་ཐེངས་ཁྲི་39.05ནས་2017ལོའི་མི་ཐེངས་ཁྲི་1606.6བར་མང་དུ་ཕྱིན་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་2003ལོའི་སྒོར་དུང་ཕྱུར་4.57ནས་2017ལོའི་སྒོར་དུང་ཕྱུར་227.41བར་འཕར་ཞིང་། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ལས་རིགས་སུ་ལས་ཞུགས་མི་གྲངས་ཁྲི་11.89ཙམ་ཟིན་པ་ལས་ས་གནས་དེ་གའི་མང་ཚོགས་ཁྲི་6.42ཟིན་ཏེ་ཡུལ་སྐོར་ལས་རིགས་དེ་གྲོང་ཁྱེར་ཡོངས་ཀྱི་ཀ་རྟེན་ཐོན་ལས་ཀྱི་གྲས་ཤིག་ལ་གྱུར་ཡོད་པ་རེད།

    གསར་གཏོད་ནི་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤོར་གྱི་གསོན་ཤུགས་ཀྱི་འབྱུང་རྩ་རེད། ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་དང་འཕེལ་རྒྱས་ཀྱི་བྱེད་ཐབས་ལ་ལེགས་སྒྲིག་ཆེན་པོ་དང་འཕོ་འགྱུར་ཆེན་པོ་འགྲོ་བའི་དུས་སུ་ང་ཚོས་གསར་གཏོད་ལ་བརྟེན་ནས་འཁོར་སྐྱོད་བྱེད་པ་དང་སྒྲིག་སྲོལ་ལམ་སྲོལ་ནས་འགོ་བཙུགས་ཏེ་ཀུང་སི་ཅན་དང་ཁྲོམ་ར་ཅན་གྱི་འཁོར་སྐྱོད་མཐའ་འཁྱོངས་དང་དངོས་ཤུཌ་ལྡན་པའི་ཁེ་ལས་ནང་འདྲེན་དང་ཕྱོགས་ཁག་གི་མ་རྩ་ནང་འདྲེན་བྱས་ནས་མཉམ་དུ་བོད་ཀྱི་ཡུལ་སྐོར་གསར་སྤེལ་འཛུགས་སྐྱོང་ནང་ཞུཌ་ཏེ་ཡུལ་སྐོར་གཞི་ཁྱོན་ཅན་དང་། གཅིག་སྡུད་ཅན། རྩེ་གྲ་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་དེང་དུས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ལ་བརྟེན་ནས་མཐའ་འཁོར་ས་ཁུལ་ཀྱི་ལེགས་ཆ་གསབ་རེས་དང་སྒོ་འབྱེད་འཕེལ་རྒྱས་གཏོང་བ་དང་ཐོན་ཁུངས་བསྡུ་སྒྲིལ་དང་ཐོན་ལས་གཅིག་སྡུད་ལ་སྐུལ་འདེད་བཏང་སྟེ་ཡུལ་སྐོར་གྱི་དུས་རབས་ཆེ་མོའི་ནང་ཁེ་བཟང་མཉམ་སྤྱོད་བྱེད་དགོས།

    ཡུལ་སྐོར་ལས་རིགས་ནི“མཛེས་ལྗོངས་དང་ཞབས་འདེགས”ཟུང་འབྲེལ་གྱི་ཐོན་ལས་ཤིག་ཡིན་པས། སྤུས་ལེགས་ཀྱི་ཞབས་ཞུ་དང་ཁོར་ཡུག་བཟང་པོ་ནི་འགན་ལེན་གལ་ཆེན་རེད། ང་ཚོས་ཡུལ་སྐོར་གྱི་སྤྱི་པའི་སྒྲིག་ཆས་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡུལ་སྐོར་ཚད་ལྡན་ཅན་དུ་མགྱོགས་མྱུར་བསྐྲུན་པ། རིག་སྐྲུན་ཡུལ་སྐོར་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཡུལ་སྐོར་ཞབས་ཞུའི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཡུལ་སྐོར་ཁོར་ཡུག་རྩེ་གྲ་གཏོད་དགོས།

    ལྗང་མདོག་འཕེལ་རྒྱས་ཀྱི་ཕུགས་ཕན་ལམ་སྲོལ་ཆགས་པར་བྱ་རྒྱུ་དེ་ནི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་འགན་ལེན་གལ་ཆེན་ཞིག་ཡིན་པ་དང་དེའི་འགག་རྩ་ནི་སྒྱུར་བཅོས་ཟབ་ཏུ་གཏོང་བར་ཐུག་ཡོད། སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ལ་འཕྲད་པའི་བདག་དབང་ལམ་ལུགས་ཀྱི་སྒྱུར་བཅོས་ལ་མཚོན་ན། བདག་དབང་ནི་ཉོ་ཚོང་གི་སྔོན་འགྲོ་དང་རྨང་གཞི་རེད། ནུས་ལྡན་གྱི་བདག་དབང་དབྱེ་འབྱེད་ཀྱིས་བདག་དབང་བྱེད་པོར་ཐོན་ཁུངས་སྤྱོད་དབང་གི་གཞན་འབུད་དབང་ཆ་དང་། རང་མོས་ནང་བཤུག་དབང་ཆ། ཁེ་ཕན་མཉམ་སྤྱོད་དབང་ཆ་བཅས་ཀྱི་ཐོག་ནས་ཁྲོམ་རའི་ཉོ་ཚོང་ཁྲོད་ཀྱི་རྒྱུ་ནོར་བདག་དབང་བྱེད་པོའི་འགན་འཁྲི་དང་། དབང་ཆ། ཁེ་ཕན་བཅས་གཅིག་གྱུར་འགན་ལེན་ཡོང་བ་བྱས་ནས་ཚོང་དོན་གྱི་གཏན་འཁེལ་རང་བཞིན་མང་དུ་གཏོང་བ་དང་ཆབས་ཅིག་སྐབས་འཚོལ་རིང་ལུཌ་ཀྱི་བྱ་སྤྱོད་ཉུང་དུ་གཏོང་རྒྱུ་དེ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།