[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ལོ་སྟོད་དུ་ཁྲེང་ཀོན་ཆུས་ཀྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕར་བའི་རྣམ་པ་མངོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-08

    ཉེ་ཆར། གསར་འགོད་པར་ཁྲེང་ཀོན་ཆུས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ་ཁྲེང་ཀོན་ཆུས་ཀྱི་ཡུལ་སྐོར་ཁྲོམ་རའི་སྣེ་ལེན་གྱི་དམིགས་ཚད་ཁག་ལ་མགྱོགས་མྱུར་འཕར་བའི་རྣམ་པ་མངོན་ཞིང་། ལོ་སྟོད་དུ་མི་ཐེངས་ཁྲི་400ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་13.8%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་47.6བྱུང་བ་དེ་དུས་མཚུངས་ལས་25.6%འཕར་ཡོད་པ་རེད།

    འདི་ལོའི་ཟླ་དང་པོ་ནས་དྲུག་པ་བར། ཁྲེང་ཀོན་ཆུས་ཀྱི་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་དོད་པ་དང་། འཁོར་སྐྱོད་བདེ་འཇགས་ལྡན་པ། ཡུལ་སྐོར་སྣེ་ལེན་གྱི་དམིགས་ཚད་ཆེས་ཆེར་འཕར་ཡོད་པ་རེད། འདི་ལོའི་ལོ་སྟོད་ནས་བཟུང་། ཁྲེང་ཀོན་ཆུས་ཡུལ་སྐོར་ཅུས་ཀྱིས་དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་གཟིགས་སྐྱོང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་ཡུལ་སྐོར་བ་ཡིད་དབང་བཀུག་པས། ཆུས་དེའི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད། གྲངས་གཞི་ལས་མངོན་པར། འདི་ལོའི་ལོ་སྟོད་དུ་ཁྲེང་ཀོན་ཆུས་ཀྱི་ཡུལ་སྐོར་སྣེ་ལེན་ཐད་མགྱོཌ་མྱུར་འཕར་ཚུལ་མངོན་པ་དང་ཟླ་4པར་སླེབས་པ་ནས་བཟུང་གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་ནས་ཁྲེང་ཀོན་ཆུས་ཀྱི་ཡུལ་སྐོར་ཁྲོམ་རས་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་རྒྱུན་ཆད་མེད་པར་འཕར་བ་དང་། ལྷག་པར་དུ་ཟླ་6པར་སླེབས་པ་ནས་བཟུང་ཁོངས་གཏོཌ་ཁུལ་གྱི་གསོལ་མགྲོན་ཁང་དང་ཨར་ཁང་དུ་སྡོད་ཚད་80%ཡན་ཟིན་ཡོད་པ་རེད།

    གོམ་སྟབས་རྗེས་མར། ཁྲེང་ཀོན་ཆུས་ཡུལ་སྐོར་ཅུས་ཀྱིས་ཡུལ་སྐོར་ལས་རིགས་ཀྱི་དྲིལ་བསྒྲགས་ལས་དོན་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་མུ་མཐུད་ཡག་པོ་བྱས་ནས། ཡུལ་སྐོར་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་དེ་ལྷ་ས་གྲོང་ཁྱེར་དུ“རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར”བསྐྲུན་ཆེད་རྨང་གཞི་ཡག་པོ་ཞིག་བཏིང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།