[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • སྐབས་བདུན་པའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-30

    536642_yis_1532838323324_s.jpg

    འདི་ནི་སྐབས་བདུན་པའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཡིན་པ།

     ཚེས་28ཉིན། མངས་རིས་ཀྱི་ནམ་མཁའ་གཡའ་དག་ཅིང་སྤྲིན་དཀར་རབ་ཏུ་མཛེས་ཞིང་། བོད་ཀྱི་ནུབ་རྒྱུད་ས་མཐོའི་ནམ་དུས་ཡག་ཤོས་ཀྱི་དུས་སུ་སྐབས་བདུན་པའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ་རེད།

    སྔ་དྲོའི་ཆུ་ཚོད་10པར་མངའ་རིས་ས་ཁུལ་ལུས་རྩལ་ཐང་དུ་ལས་རིགས་ཁག་གི་སྐུ་མགྲོན་དང་ལས་བྱེད་མང་ཚོགས་3000ལྷག་ཙམ་གྱིས་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་བལྟས་ཤིང་། འཁྲབ་སྟོན་ནང《གནས་མཆོག་གངས་ལྗོངས》དང་། 《ཞང་ཞུང་གི་སྙན་དབྱངས》《མཁའ་དབྱིངས་ཀྱི་མངའ་རིས》《རྫོགས་ལྡན་དུས་བཟང》བཅས་ལེའུ་བཞི་ལ་དབྱེ་ནས་དེང་རབས་ཅན་གྱི་གར་སྟེགས་སྒྲ་འོད་ལ་བརྟེན་ཏེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྩྭ་མདའི《སྙན་འཇེབས་ལྡན་པའི་གར་མ་ཤོན》དང་། སྤུ་ཧྲེང་གི《གར་ཤོན་བཀྲ་ཤིས་གཡང་ཆགས》 དེ་བཞིན་གླུ་གར《གུ་གེར་ལོག་པ་རྨིས》 ཞབས་བྲོ《གར་ལ་བརྩེ་བ་ཆགས》 《སེང་འཁོར་ཚོ་པ》སོགས་ལེ་ཚན་མང་པོ་ཞིག་འཁྲབ་སྟེ་མངའ་རིས་ཀྱི་ངོ་མཚར་ཆེ་བའི་ལོ་རྒྱུས་རིག་གནས་དང་ཕུན་སུམ་ཚོགས་པའི་དམངས་སྲོལ་ཉམས་འགྱུར་མངོན་སུམ་དུ་མངོན་པར་བྱས་པས་ཉེ་བའི་ལོ་ཤས་རིང་མངའ་རིས་ས་ཁུལ་དུ་མཐོང་དཀོན་པའི་རིག་གནས་ཀྱི་སྟོན་མོ་ཞེས་བརྗོད་ཆོག

    འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་ལ་ལྟ་མཁན་སེང་གེ་ཁ་འབབ་གྲོང་རྡལ་གྱི་མང་ཚོགས་བཀྲ་ཤིས་ཆོས་འཕེལ་གྱིས་སྤྲོ་སེམས་ཆེན་པོས“ཕ་ཡུལ་དུ་ཡུལ་སྐོར་དུས་ཆེན་གཟབ་རྒྱས་འདི་འདྲ་གཉེར་ཐུབ་པར་ཧ་ཅང་དགའ་པོ་འདུག་ལ་སྤོབས་སེམས་ཆེན་པོ་སྐྱེ་ཡི་འདུག ད་ཐེངས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་ལ་བརྟེན་ནས་མི་དེ་བས་མང་བས་མངའ་རིས་ལ་རྒྱུས་མངའ་ལོན་པ་དང་། མངའ་རིས་སུ་ཡོང་བ། མངའ་རིས་འཛུགས་སྐྲུན་བཅས་བྱ་རྒྱུའི་རེ་བ་ཡོད། མངའ་རིས་ཀྱི་མ་འོངས་དེ་བས་ལེགས་སུ་འགྲོ་རྒྱུའི་ཡིད་ཆེས་ཡོད”ཅེས་གསར་འགོད་པར་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།