[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གནའ་ཤུལ་གྱི་བཤམས་སྟོན་ཁང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་700ལྷག་ཙམ་ལ་སྣེ་ལེན་ཞུས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-12

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཉེ་ཆར་ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གནའ་ཤུལ་གྱི་བཤམས་སྟོན་ཁང་ནས་ཤེས་རྟོགས་བྱུང་བར། 2013ལོའི་ཟླ་7པར་བཤམས་སྟོན་ཁང་སྒོ་ཕྱེ་བ་ནས་བཟུང་བཤམས་སྟོན་ཁང་གིས་སྣེ་ལེན་ཞུས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་700ལྷག་ཙམ་ཟིན་ཡོད་པ་དང་། ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་ལོ་ལྟར་20%ཙམ་མང་དུ་ཕྱིན་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་ཡུལ་སྐོར་དང་ལྟ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

    ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གནའ་ཤུལ་གྱི་བཤམས་སྟོན་ཁང་གི་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། བཤམས་སྟོན་ཁང་སྒོ་ཕྱེ་བ་ནས་བཟུང་བཤམས་སྟོན་ཁང་གིས་ལོ་ལྟར་རིགས་ཁག་གི་ལྟ་སྐོར་ཚོགས་པ་ཐེངས་བརྒྱ་ལྷག་ཙམ་ལ་སྣེ་ལེན་ཞུ་ཡི་ཡོད་ཅིང་། དབྱར་དུས་ཉིན་རེར་ཡུལ་སྐོར་བ་མི་ཐེངས་5000ལྷག་ཙམ་ལ་སྣེ་ལེན་ཞུ་བ་དང་དགུན་དུས་ཉིན་རེར་ཡུལ་སྐོར་བ་མི་ཐེངས་2000ཙམ་ལ་སྣེ་ལེན་ཞུ་གི་ཡོད་པ་རེད།

    ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གནའ་ཤུལ་གྱི་བཤམས་སྟོན་ཁང་ནི་ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་བྱང་ངོས་སུ་གནས་ཡོད་པ་དང་། གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པ་དེ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་གལ་ཆེན་ཞིག་ཡིན་པས་རྒྱལ་ཁབ་ཕྱི་ནང་གི་དམངས་ཚོགས་ལ་སྒོ་འཛིན་མི་དགོས་པར་སྒོ་འབྱེད་ཀྱི་ཡོད། ལོ་ལྟར་ཟླ་5པ་ནས་ཟླ་10བར་ཉིན་ལྟར་གྱི་ཆུ་ཚོད་9དང་སྐར་མ་30ནས་ཆུ་ཚོད་18དང་སྐར་མ་30བར་སྒོ་འབྱེད་ཀྱི་ཡོད་པ་དང་། དེ་བྱིངས་ཀྱི་དུས་ཚོད་ལ་ཉིན་ལྟར་ཆུ་ཚོད་10པ་ནས་ཆུ་ཚོད་18བར་སྒོ་འབྱེད་ཀྱི་ཡོད་པ་རེད།

    སི་ཁྲོན་ནས་སླེབས་པའི་ཡུལ་སྐོར་བ་ལོ་ཅང་ཡུས་ཀྱིས“བཤམས་སྟོན་ཁང་དུ་ལྟ་སྐོར་བྱས་རྗེས་རང་ཉིད་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཡག་པོ་ཞིག་ཐེབས་བྱུང་། བཤམས་སྟོན་ཁང་གི་དངོས་པོ་དང་ལོ་རྒྱུས་ཀྱི་དཔྱད་གཞི་མང་པོ་ལས་བོད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད་པ་རེད”ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།