[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཇོ་རིའི་བྱང་ངོས་འདབས་ནས་ས་བབ་མཐོ་ཚད་སྨི་8300བར་གྱི་རི་འཛེག་ལམ་བཟོ་དང་སྐྱེལ་འདྲེན་ལས་དོན་ལེགས་གྲུབ་ཟིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-09

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། 2018ལོའི་ཇོ་མོ་གླང་མའི་རི་འཛེག་ནམ་དུས་འཆར་ཉེར་ཡོད་ཅིང་། ཀྲུང་གོའི་བོད་ལྗོངས་ས་ཁོངས་སུ་གནས་པའི་ཇོ་རིའི་བྱང་འདབས་ནས་ཉེ་ཆར་ས་བབ་མཐོ་ཚད་སྨི་8300བར་གྱི་འཕྲལ་འཛེག་སྒར་སའི་ལམ་བཟོ་དང་དངོས་ཟོག་སྐྱེལ་འདྲེན་གྱི་ལས་དོན་ལེགས་གྲུབ་ཟིན་པ་དང་། དེ་ཐོག་ནས་རི་རྩེར་འཛེག་པའི་ནམ་དུས་མ་རྫོགས་གོང་འགྲོ་ལམ་ཚང་མ་བཟོ་བ་དང་སྐྱེལ་འདྲེན་ལས་དོན་ཚང་མ་ལེགས་གྲུབ་ཟིན་པ་མཚོན་གྱི་ཡོད་པ་རེད། མིག་སྔར་རྒྱལ་ནང་གི་ཇོ་རིའི་རི་འཛེག་རུ་ཁག་གིས་སྒར་ས་ཆེ་མོར་ལམ་ཁྲིད་པ་དང་མཉམ་སྒྲུབ་མི་སྣ་དང་མཉམ་དུ་ངལ་གསོ་རྒྱག་བཞིན་ཡོད་པ་དང་། གནམ་གཤིས་ཡག་པའི་སྐབས་སུ་རི་རྩེར་འཛེག་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།

    ཇོ་རིའི་བྱང་ངོས་སུ་བོད་ལྗོངས་ཡར་ལྷ་ཤམ་པོ་མྱུལ་དཔྱད་ཀུང་སིས་ས་བབ་མཐོ་ཚད་སྨི་8300བར་གྱི་འཕྲལ་འཛེག་སྒར་སའི་ལམ་བཟོའི་ལས་དོན་ལེགས་སྒྲུབ་བྱས་ཡོད་པ་རེད། སྒར་ས་འདི་ནི་རུ་ཁག་ཁག་རི་རྩེར་མ་འཛེགས་གོང་སྡོད་སའི་སྒར་ས་མཐའ་མ་དེ་ཡིན་པ་དང་། རི་འཛེག་རུ་ཁག་གིས་སྤྱིར་བཏང་ཐོ་རེངས་ཆུ་ཚོད་12སྐབས་སྒར་ས་དེ་ནས་ཐོན་ཏེ་ནུས་ཤུགས་ཡོད་རྒུས་རི་རྩེར་འཛེགས་ཀྱི་ཡོད་པ་རེད། རི་རྩེར་འཛེག་པའི་ནམ་དུས་ཤར་རྗེས་ལམ་བཟོ་རུ་ཁག་གིས་སྔོན་ལ་འཛེགས་ནས་རི་རྩེར་འཛེག་པའི་ལམ་ཐག་ཁྲིད་པ་དང་སྦྲགས་འཛེག་གི་ཡོད་པ་རེད།

    འདི་ལོ་རྒྱལ་ཁབ་ཕྱི་ནང་གི་རི་འཛེག་པ་ཁྱོན་180ཙམ་ཇོ་རིའི་བྱང་ངོས་ནས་འཛམ་གླིང་གི་རི་བོ་མཐོ་ཤོས་སུ་འཛེགས་རྒྱུ་ཡིན་པ་རེད། རི་རྩེར་འཛེག་པའི་ནམ་དུས་ཡག་ཤོས་ཟླ་5པའི་ཟླ་དཀྱིལ་ལམ་ཡང་ན་ཟླ་སྨད་དུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།