[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ལྗོངས་ཆུ་ཤུར་སྲོག་ཆགས་གླིང་དངོས་སུ་སྒོ་ཕྱེ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-07

    ཉེ་ཆར་བོད་ལྗོངས་ལྷ་ས་ཆུ་ཤུར་སྲོག་ཆགས་གླིང་དངོས་སུ་སྒོ་ཕྱེ་བ་རེད། ཆུ་ཤུར་སྲོག་ཆགས་གླིང་དེ་ཉིད་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་དུ་གནས་པ་དང་། གླིང་ནང་དུ་ས་མཐོའི་སྲོག་ཆགས་དང་ཉེ་འཁོར་གྲོང་མིས་བསྐྱབས་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཡོད་པ་ཕུད་ད་དུང་ནང་ས་ནས་དབོར་བའི་གླང་ཆེན་དང་། རྔ་མོང་། རྨ་བྱ་སོགས་ཀྱང་ཡོད་པས་མིག་སྔར་ཁྱོན་སྲོག་ཆགས་རིགས་30ལྷག་ཙམ་ལ་ཡུལ་སྐོར་བས་ལྟ་སྐོར་བྱེད་ཆོག་གི་ཡོད།

    འདི་ནི་ཡུལ་སྐོར་བས་བོད་ལྗོངས་ལྷ་ས་ཆུ་ཤུར་སྲོག་ཆགས་གླིང་དུ་རྔ་མོང་ལ་ལྟ་བཞིན་པ།

    འདི་ནི་ཟླ་5ཚེས་1ཉིན་རྒྱང་འཛིན་གནམ་གྲུས་པར་བླངས་པའི་བོད་ལྗོངས་ལྷ་ས་ཆུ་ཤུར་སྲོག་ཆགས་གླིང་གི་ཟུར་ཞིག་ཡིན་པ།


    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།