[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཁྲེང་ཏུའུ་ནས་ལྷ་ས་བར་གྱི་མཁའ་དབྱིངས་ལམ་ཉིས་གཤིབ་མ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-24

     གསར་འགོད་པར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ནས་ཤེས་རྟོགས་བྱུང་བར། ཉིན་20ཙམ་གྱི་ཚོད་ལྟའི་གཉེར་སྐྱོང་བྱས་པ་བརྒྱུད། ཉིན་ཤས་གོང་། ཁྲེང་ཏུའུ་ནས་ལྷ་ས་བར་གྱི་མཁའ་དབྱིངས་ཀྱི་ལམ་ཉིས་གཤིབ་མ་དངོས་སུ་ཤར་གཏོང་ཐུབ་ཡོད། ད་ཐེངས་ཀྱི་འགྲུལ་ལམ་སྒྱུར་བཀོད་བྱས་པ་ལས་ད་ལྟ་ལག་བསྟར་བྱེད་བཞིན་པའི“ཁྲེང་ཏུའུ་ནས་ལྷ་སའི་བར་གྱི་འགྲུལ་ལམ”ལྷོ་ཕྱོགས་སུ་མཉམ་གཤིབ་འགྲུལ་ལམ་གསར་པ་ཞིག་གཏོད་པ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་1300ཟིན་པ་དང་ཉིན་ལྟར་དུས་གཏན་གནམ་གྲུའི་ལན་གྲངས་120ལ་ཕན་པ་འདོགས་ཀྱི་ཡོད་པ་རེད། ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ལམ་ཉིས་གཤིབ་མ་དངོས་སུ་ཤར་གཏོང་ཐུབ་པ་དང་མཁའ་ཐོག་སྐྱེལ་འདྲེན་གྱི་གཤོང་ཚད་85%ཙམ་མཐོ་རུ་ཕྱིན་ནས་མིག་སྔར་བོད་ནས་ཕྱིར་འགྲོ་འོང་བྱེད་པའི“སྤ་སེ་ཉོ་དཀའ་བའི”གནས་ཚུལ་རིམ་བཞིན་ཞི་ལྷོད་དུ་ཕྱིན་ནས་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མགྱོགས་པོ་འགྲོ་རྒྱུར་སྔར་བས་སྐུལ་མ་ཐེབས་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།