[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • མ་འོངས་ལོ་གསུམ་ནང་ཧྲང་ཧའེ་ཡིས་བོད་ལ་ཡུལ་སྐོར་བ་མི་ཐེངས་ཁྲི་110ཙམ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-15

    2018ལོ་ནས་2020ལོ་བར་ཧྲང་ཧའེ་ཡིས་བོད་ལ་ཡུལ་སྐོར་བ་མི་ཐེངས་ཁྲི་110ཙམ་གཏོང་རྒྱུ་ཡིན་ཞིང་། ཚེས་12ཉིན་ཧྲང་ཧའེ་གྲོང་ཁྱེར་ཡུལ་སྐོར་ཅུས་དང་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས《2018ལོའི་ཧྲང་ཧའེ་ཡི་ཡུལ་སྐོར་བོད་སྐྱོར་བྱ་སྤྱོད་འཆར་གཞིར》མིང་རྟགས་བཀོད་པ་རེད།

    ཧྲང་ཧའེ་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཞུས་ཝུའེ་ཝན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ནི་ཧྲང་ཧའེ་ཡི་ཁ་གཏད་རོགས་སྐྱོར་བྱ་ཡུལ་གྱི་གྲོང་ཁྱེར་ཞིག་རེད། ལོ་མང་རིང་། ཧྲང་ཧའེ་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་ཡུལ་སྐོར་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཧྲང་ཧའེ་དང་གཞིས་རྩེས་ས་གནས་དེ་གའི་ཡུལ་སྐོར་སྒྲིག་བཀོད་འཛུགས་སྐྲུན་དང་། ཡུལ་སྐོར་ཤེས་ལྡན་པ་གསོ་སྐྱོང་། ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་སོགས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད། 2018ལོར་ཧྲང་ཧའེ་དང་བོད་རང་སྐྱོང་ལྗོངས་ཀྱིས་ཕན་ཚུན་མཉམ་འགུལ་གྱི་དྲིལ་བསྒྲགས་ཁྱབ་སྤེལ་ལ་ཤུགས་སྣོན་རྒྱག་པ་དང་ཡུལ་སྐོར་ལས་རིགས་ཀྱི་ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཕྱོགས་གཉིས་པོའི་ལེགས་ལྡན་མཉམ་སྒྲུབ་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    དེ་དང་ཆབས་ཅིག་ཧྲང་ཧའེ་རྒྱལ་ཁབ་ཡུལ་སྐོར་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་གིས་བོད་ལྗོངས་ཡུལ་སྐོར་སྤྱི་ཁྱབ་ཀུང་སི་དང་། ཧྲང་ཧའེ་ཀྲུང་གོའི་ཡུལ་སྐོར་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཚད་ཡོད་ཀུང་སི། གཞིས་རྩེ་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་སོགས་ཁེ་ལས་དང་སྒྲིག་གཞི་དང་འབྲེལ་ཡོད་གྲོས་མཐུན་བཞག་ནས། ཡུལ་སྐོར་བ་ཕན་ཚུན་དབོར་འདྲེན་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཐོན་རྫས་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་སུང་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཧྲང་ཧའེ་སོགས་འབྲི་ཆུའི་ཟུར་གསུམ་གླིང་གི་གྲོང་ཁྱེར་དག་ནི་བོད་ཀྱི་འགྲུལ་པ་ཡོང་ཁུངས་ཆེ་ཤོས་ཀྱི་གྲོང་ཁྱེར་རེད། རང་རྒྱལ་གྱི་གློག་འཕྲིན་འཁོར་སྐྱོད་ཚོང་གཉེར་ཆེན་པོ་གསུམ་གྱི་གྲངས་གཞི་ལས་མངོན་པར་གཞིགས་ན། འབྲི་ཆུའི་ཟུར་གསུམ་ཁུལ་གྱིས་ལོ་ལྟར་བོད་ལ་ཡུལ་སྐོར་བ་མི་ཐེངས་ཁྲི་500ལྷག་ཙམ་དབོར་འདྲེན་བྱེད་ཀྱི་ཡོད། 2018ལོར་འབྲི་ཆུའི་ཟུར་གསུམ་གླིང་གི་བོད་ལ་འགྲུལ་པ་མི་ཐེངས་ཁྲི་700ཙམ་དབོར་འདྲེན་བྱ་རྩིས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།