[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • 2017ལོར་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་220ལས་བརྒལ་བ།

    ​ གྲོང་ཁྱེར་དེ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1600ལ་སྣེ་ལེན་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-03

    2017ལོ་ཚུན་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་ར་འཁྲུག་ཏུ་སོང་བ་དང་ཁྲོམ་རའི་སྒྲིག་ལམ་བརྟན་ཞིང་འཁོར་སྐྱོད་གནས་ཚུལ་བདེ་འཇགས་ལྡན་པ་བྱུང་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ཆེས་ཆེར་མང་དུ་སོང་ཞིང་། བསྡོམས་རྩིས་ལ་གཞིགས་ན། 2017ལོར་གྲོང་ཁྱེར་དེ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1600ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ཀྱི་2016ལོ་ལས་17.56%མང་དུ་སོང་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་227.41བྱུང་བ་དེ་དུས་མཚུངས་ཀྱི་2016ལོ་ལས་21.94%འཕར་ཡོད།

    2016ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་མྱུར་པོ་བྱུང་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་གྲངས་ཚད་དང་། ཡོང་འབབ་བསྡོམས་འབོར། འཕར་ཚད། སྤྱི་ཚོགས་ཀྱི་ཤུགས་རྐྱེན་སོགས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་སྟེ། 2017ལོའི་ཟླ་གསུམ་པ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་ར་འཁྲུག་ཏུ་འགྲོ་འགོ་ཚུགས་པ་དང་ཐག་ཉེ་འབྲིང་དུ་སྐྱོད་པའི་ཡུལ་སྐོར་བ་རྒྱུན་མི་ཆད་པར་མང་དུ་སོང་བ་མ་ཟད། ཡུལ་སྐོར་ཚོགས་པ་ཆེན་པོའང་སྔ་རྗེས་སུ་བོད་ལ་འབྱོར་ཡོད།

    ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས“2017ལོར་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་ར་གཙོ་བོ་དེ་དུས་ཆེན་རྟེན་འབྲེལ་གྱི་བྱེད་སྒོ་གཞི་རྟེན་དུ་བྱས་ནས། ཡུལ་སྐོར་གྱི་ཐོན་ཁུངས་ཁག་བསྡུ་སྒྲིལ་བྱས་ཏེ་ཁྱད་ཆོས་མངོན་གསལ་དོད་པ་དང་སྐད་གྲགས་ཆོད་པའི་དུས་ཆེན་དང་རྟེན་འབྲེལ་གྱི་བྱེད་སྒོ་གཉེར་ནས་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་སྤེལ་བཏང་ཡོད”ཅེས་ངོ་སྤྲོད་བྱས།

    ད་ཆ་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་མྱུར་པོ་བྱུང་ནས་ཡུལ་སྐོར་ཐོན་ཁུངས་དང་འཚམས་པའི་རིག་གནས་ཕུན་སུམ་ཚོགས་སུ་སོང་བ་མ་ཟད། ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཡང་ཕན་པ་ཐོབ་ཡོད།

    བསྡོམས་རྩིས་ལ་གཞིགས་ན། 2017ལོར་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲིམས་འཛིན་སྡེ་ཚན་གྱིས་ཞུ་གཏུག་གྱོད་གཞི་སེལ་ཚད་100%དང་ནུས་ལྡན་ཞུ་གཏུག་ཐེངས་149བདག་སྤྲོད་བྱས་ཏེ་ཡུལ་སྐོར་བར་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་30ལྷག་མི་ཕོག་པ་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།