[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཁྱད་ལྡན་ཐོན་རྫས་ཆུ་ལས་འབེལ། འབབ་འཕར་གཏམ་བཟང་གླུ་ལས་སྙན།

    —— 2017ལོའི་ཡར་ཀླུང་དངོས་ཟོག་བརྗེ་རེས་དང་རིག་གནས་སྤེལ་རེས་ཚོང་འདུས་ཀྱི་པར་རིས་བདམས་བཀོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-08

    DSC_0978.jpg

     འདི་ནི་ཟངས་རི་རྫོང་དག་པོ་གྲོང་ཚོས་ལས་སྣོན་བྱས་པའི་རྡོ་ཁོག་ཡིན་ཞིང་། ལས་སྣོན་བྱས་པའི་རྡོ་ཁོག་གི་སྤུས་ཚད་ལ་རིམ་པ་གསུམ་བཞི་དབྱེ་གི་ཡོད་པ་དང་། ལེགས་ཤོས་ལ་རིན་གོང་སྒོར་2000ལྷག་ཙམ་དང་སྤྱིར་བཏང་ལ་རིན་གོང་སྒོར་1000ཡས་མས་བྱེད་ཀྱི་ཡོད། 

    DSC_0991.jpg

    སྣ་དཀར་རྩེ་རྫོང་ཀོང་པོ་རྒྱ་མདའ་ཞོལ་ཤང་གི་དབུལ་པོའི་ཐེམ་དུད་200ལྷག་ཙམ་དབུལ་སྒྲོལ་ཐུབ་ཆེད། སྣ་དཀར་རྩེ་རྫོང་ཡར་འབྲོག་གཡུ་མཚོའི་འཛུགས་སྐྲུན་ཚད་ཡོད་ཀུང་སིས་མ་དངུལ་སྒོར་ཁྲི་400བཏང་ནས་མང་ཚོགས་ལས་ཞོར་འཐག་ལས་ལ་བསྐུལ་ཏེ་སྣམ་བུ་དང་བཙུགས་ཕྲུག་སོགས་ཞིང་ཁུལ་གྱི་དམིགས་བསལ་ཐོན་རྫས་ལས་སྣོན་བྱས་ཏེ་འབབ་འཕར་ཡོང་བར་བྱས་ཤིང་། འདི་ནི་ཁོང་ཚོས་བཏགས་པའི་སྣམ་བུ་ཚོང་འདུས་ལ་ཕྱིར་ཚོང་བྱེད་བཞིན་པ། 

    DSC_0940.jpg

    འདི་ནི་ཚོང་འདུས་ལ་ཞྭ་མོ་ཚེ་རིང་སྐྱིན་ཁེབས་འཚོང་མཁན་སྙེ་མོ་རྫོང་བྲག་སྐོར་ཤང་གྲོང་ཚོ་གཉིས་པའི་ཡེ་ཤེས(སྒེར་གཉེར་ཚོང་པ)ཀྱིས་ན་ནིང་ཞྭ་མོ་ཚེ་རིང་སྐྱིན་ཁེབས་བྲིན་ཁ་རྒྱུགས་པོ་བྱུང་བས་ད་ལོ་སླར་ཡང་ཡོང་བ་མ་ཟད། ཚོང་གཉེར་བྱེད་མཁན་མི་གྲངས་དང་ཁྲོམ་བཀྱག་གསུམ་མང་དུ་བཏང་ཡོད་ཅེས་ཤོད་བཞིན་རེ་བས་ཁེངས་བཞིན་མཆིས། 

    DSC_0985.jpg

    འདི་ནི་སྣ་དཀར་རྩེ་རྫོང་མདོ་ཆོས་ཤང་གདོང་རྒྱ་གྲོང་ཚོའི་ཞིང་འབྲོག་ཐོན་རྫས་མཉམ་ལས་ཁང་གི་ལྷུན་གྲུབ་དར་རྒྱས་ཀྱིས། ན་ནིང་འབྲི་གཡག་གི་སྐེ་ཐག་དང་བཙུགས་ཕྲུག་སོགས་བྲིན་ཁ་ཧ་ཅང་རྒྱུགས་པོ་བྱུང་། འདི་ལོའི་ཚོང་འདུས་ཉིན་དང་པོར་བལ་གྱིས་བཏགས་པའི་ཕྲུ་གུའི་སྟོད་གོས་ཉོ་མཁན་མང་པོ་འདུག་ཅེས་གསར་འགོད་པར་བཤད་བྱུང་།

    DSC_0933_view.jpg

    འདི་ནི་ཚོང་འདུས་ལ་མེ་ཏོག་རྫོང་གི་སློ་མ་བྲིན་ཁ་རྒྱུགས་པོ་ཡོད་པའི་གནས་ཚུལ་ཡིན་པ།

    DSC_0933_view.jpg

    འདི་ནི་ཚོང་འདུས་ཐོག་གི་གྲ་ནང་རྫོང་གྲ་ཕྱི་ཤང་གཙང་གྲོང་བག་གྲོ་སྦྲང་གསོ་ར་བའི་ཁམ་བུའི་མེ་ཏོག་རྟགས་ཅན་གྱི་སྦྲང་རྩི་ཡིན་པ། 

    DSC_0990.jpg

    འདི་ནི་འཁྲུག་ཆ་དོད་པའི་ཚོང་འདུས་ལ་ལྷུན་རྩེ་རྫོང་ནས་ནག་ཐོན་ལས་ཆེད་ལས་མཉམ་ལས་ཁང་གི་རྩམ་པ་དང་ཡོས་སོགས་བྲིན་ཁ་རྒྱུགས་པོ་ཡོད་པ། 

    སྐལ་དོན་ཨ་ཡིག་རིག་གནས་སློབ་གསོའི་ཐོན་རྫས་ཁྱབ་སྤེལ་ཚད་ཡོད་ཀུང་སི་ནི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་རྣམ་རྒྱལ་ཞོལ་ཤང་དགའ་ཚལ་གྲོང་ཚོར་གནས་པ་དང་། ཀུང་སི་དེ་ནི་སྲོལ་རྒྱུན་རིག་གནས་དང་སློབ་གསོའི་ཐོན་རྫས་སམ་སྲོལ་རྒྱུན་ཡིག་གཟུགས་མཁོ་ཆས་ཏེ། བྱང་ཤིང་དང་། སྣག་བུམ། སྨྱུག་རིལ། ཐིག་རྐྱལ་སོགས་བོད་ཀྱི་ཞིང་འབྲོག་པས་རིག་གནས་སློབ་གསོའི་ཐོན་རྫས་ཞིབ་འཇུག་དང་གསར་སྤེལ་བྱེད་མཁན་གྱི་ཁེ་ལས་ཨང་དང་པོ་ཡིན་ཞིང་། ཀུང་སི་དེའི་འགན་འཁུར་བ་སྐལ་བཟང་དོན་གྲུབ་ནི་གོང་དཀར་རྫོང་གི་ལས་གཏོད་བྱེད་མཁན་གྱི་གྲས་ཤིག་ཡིན་ལ་ཁོང་ཚོའི་ཀུང་སིས་སྲོལ་རྒྱུན་གྱི་ཡིག་གཟུགས་མཁོ་ཆས་སོགས་ཞིབ་འཇུག་དང་གསར་སྤེལ་བྱས་པར་ལྷོ་ཁ་གྲོང་ཁྱེར་གྱི་2016ལོའི་དམངས་ཡོངས་ཀྱི་ལས་གཏོད་འགྲན་བསྡུར་ལ་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་། འདི་ལོ་ཡང་2017ལོའི་ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་བྱ་གཞག་གསར་གཏོད་ཀྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་རེད། 

    DSC_0950.jpg

    འདི་ནི་སྐལ་དོན་ཨ་ཡིག་རིག་གནས་སློབ་གསོའི་ཐོན་རྫས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་བྱང་ཤིང་ཡིན་པ།

    ལོ་གཅིག་དུས་གཅིག་གི་ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་དངོས་ཟོག་བརྗེ་རེས་དང་རིག་གནས་སྤེལ་རེས་ཚོང་འདུས་སྐབས་37པ་འདི་ལོའི་ཟླ་12ཚེས་1ཉིན་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་ཁར་ཏོག་གྲོང་མི་ཨུ་ལྷན་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། དེ་ནི་ལྷོ་ཁ་གྲོང་ཁྱེར་གྱི་རིག་རྩལ་འཁྲབ་སྟོན་དང་། སྤུས་རྟགས་འོས་སྦྱོར། དངོས་ཟོག་བརྗེ་རེས་བཅས་གཞི་གཅིག་ཏུ་འདུས་པའི་སྲོལ་རྒྱུན་གྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས་སྤེལ་རེས་ཀྱི་རྒྱས་ཚོགས་ཤིག་ཡིན་ལ་ཞིང་འབྲོག་པའི་ཁྱད་ལྡན་ཐོན་ཟོག་འགྲེམས་སྟོན་དང་འབབ་འཕར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། 

    ལྷོ་ཁ་གྲོང་ཁྱེར་གྱི་དངོས་ཟོག་བརྗེ་རེས་དང་རིག་གནས་སྤེལ་རེས་ཚོང་འདུས་དེ་1981ལོར་ཐོག་མར་གཉེར་འགོ་ཚུགས་ཤིང་། ད་བར་ཐེངས་སོ་བདུན་གཉེར་བའི་བརྒྱུད་རིམ་ལ་བལྟས་ན། ཚོང་འདུས་ལོ་རེ་ལས་མ་འདས་པར་གྲ་རྒྱས་སུ་འགྲོ་བ་དང་ཚོང་ཟོག་སྣ་ཁ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་ལས་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོག་ཐོན་སྐྱེད་གོང་འཕེལ་ཤུགས་ཆེན་ཕྱིན་པ་དང་ཞིང་འབྲོག་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འདུ་ཤེས་ཟབ་ཏུ་དང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་ཕྱིན་པ་མཚོན་གྱི་ཡོད། 

    གསར་འགོད་པས་ད་ཐེངས་ཚོང་འདུས་ཀྱི་ས་ཆ་དངོས་ནས་མཐོང་གསལ། བཟོ་བཀོད་ལེགས་པའི་མཚོ་སྣའི་བླ་ཕོར་དང་། རྒྱུ་སྤུས་དག་ལ་ལས་སྣོན་ཞིབ་ཚགས་བྱས་པའི་གྲ་ནང་གི་སྣམ་བུ། དར་སོ་ཆེ་བའི་ཟོམ་པ། ལྷུན་རྩེ་དང་མཚོ་སྨད་ཀྱི་ཞིང་འབྲོག་པའི་ལྷད་མེད་ཀྱི་ཤ་མར་ཐུད་གསུམ། དེ་བཞིན་ལས་སྣོན་སྤུས་དག་བྱས་པའི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་སོགས་ཚོང་འདུས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་འདུག 

    “ཨ་ཆོས་ཁྱད་ལྡན་ཐོན་རྫས་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིའི”འགན་ཁུར་བས་2013ལོའི་ཟླ་5པར། ང་ཚོའི“ཨ་ཆོས་ཁྱད་ལྡན་ཐོན་རྫས་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་སི”བཙུགས་པ་ནས་བཟུང་། དམིགས་བསལ་དང་རྒྱུ་གཙང་སྤུས་གཙང་གི་འཕེལ་རྒྱས་ཀྱི་དམིགས་ཡུལ་ལ་ཁ་ཕྱོགས་ཤིང་། རྒྱུན་འཛིན་དང་གསར་གཏོད་ཀྱི་ཁེ་ལས་འདུ་ཤེས་གཞིར་བཟུང་། དེ་སྔོན་གྱི་མ་རྩ་སྒོར་ཁྲི་6ཙམ་ལས་མེད་པའི་འཚེམ་བཟོའི་ཁེ་ལས་ཆུང་གྲས་ཤིག་ནས་ད་ལྟའི་མི་རིགས་ལག་ཤེས་ཁྱད་ལྡན་བོད་ལུགས་ཁུག་མ་གཙོ་གཉེར་གྱི་གཏན་འཇཌ་མ་དངུལ་སྒོར་ཁྲི་350ཡོད་པའི་ནུས་ལྡན་ཁེ་ལས་ཤིག་ཏུ་འཕེལ་རྒྱས་ཕྱིན་ཡོད་ལ། ཐོན་རྫས་གཙོ་བོ་ནི་སྣམ་བུ་ལས་སྣོན་བྱས་ཏེ་དེང་དུས་ཀྱི་ཚོས་རྒྱག་སྟངས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་གཙང་མས་ཕྱུག་པའི་བཟོ་རྩལ་སྤྱད་པས། ཨ་ཆོས་མི་རིགས་ཁྱད་ལྡན་ཐོན་རྫས་བོད་ལུགས་ཁུག་མ་སྣ་ཚོགས་ལ་མཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ཅེས་སེམས་འགུལ་ཐེབས་བཞིན་དུ་གསར་འགོད་པར་བཤད་བྱུང་། ཁོང་གིས་དེ་དག་ཐམས་ཅད་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན་པས་སླད་ཕྱིན་ང་ཚོས་མི་རིགས་ཁྱད་ལྡན་ཐོན་རྫས་གངས་ལྗོངས་རིག་གནས་བང་མཛོད་ཀྱི་གཅེས་ནོར་དང་མི་རིགས་ལག་ཤེས་ཀྱི་ཚབ་མཚོན་ཞིག་ཏུ་འགྱུར་བར་ཡིད་ཆེས་དང་རེ་བས་ཁེངས་བཞིན་ཡོད་ཅེས་བཤད། 

    བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཐེངས་འདིའི་ཚོང་འདུས་ལ་ལྗོངས་ཕྱི་ནང་གི་ཚོང་པ་དང་ཚོང་དུད་4000ལྷག་ཙམ་ཞུགས་ཡོད་པ་དང་། ཁྲོམ་ཞུགས་ཚོང་ཟོག་སྣ་ཁ་680ལྷག་ཙམ་ཟིན་པར་ཚོང་ཟོག་དངུལ་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་གཅིག་ལྷག་ཟིན་ཡོད།

    (འདི་ག་ཚགས་པར་གྱི་གསར་འགོད་པ་བསོད་ནམས་སྒྲོལ་དཀར་གྱིས་འཕྲིན་སྤེལ་པར་ལེན་བྱས) 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།